ཞོག་ཁོག་མངར་མོའི་པགས་པ། ཞོག་ཁོག་མངར་མོའི་པགས་པའི་ནང་བ་ཚྭ་མང་པོ་འདུས་ཡོད་པས་ཕོ་བ་དང་རྒྱུ་མར་མི་འཕྲོད། ཁྲ་ཐིག་ནག་པོ་ཡོད་པའི་ཞོག་ཁོག་མངར་མོའི་པགས་པ་དེ་བས་བཟའ་རྒྱུ་མེད།
ཞོག་ཁོག་གི་པགས་པ། ཞོག་ཁོག་པགས་པའི་ནང་མིའི་གཟུགས་པོར་གནོད་ཆེ་བའི་མངར་ཆ་འདུས་པའི་སྐྱེ་དངོས་བ་ཚྭ་ཡོད་པ་དེས་མིའི་གཟུགས་པོའི་ནང་གསོག་ཉར་རང་བཞིན་གྱི་དུག་ཆགས་ཀྱི་ཡོད། ཡང་སྒོས་སུ་མྱུ་གུ་འབུས་པ་དང་པགས་པ་སྔོན་པོ་ཆགས་པའི་ཞོག་ཁོག་ལ་དུག་རྒྱུ་དེ་བས་མང་པོ་འདུས་ཡོད་སྟབས་གཏན་ནས་བཟའ་རྒྱུ་མེད།
ཤིང་ཏོག་ཨ་མྲའི་པགས་པ། གསོ་རིག་ཞིབ་འཇུག་པས་ར་སྤྲོད་བྱས་པར་གཞིགས་ན། ཤིང་ཏོག་ཨ་མྲ་མ་སྨིན་པར་ཟས་ན་རྒྱུ་མ་དང་ཕོ་བར་གནོད་འཚེ་བཟོ་བའི་རོ་སྐྱུར་ལྡན་ཡོད་ཅིང་། ཤིང་ཏོག་ཨ་མྲ་སྨིན་རྗེས་རོ་སྐྱུར་དེ་ཤིང་ཏོག་ཨ་མྲའི་པགས་པའི་ནང་དུ་གཅིག་བསྡུས་བྱེད་ཀྱི་ཡོད་པས་པགས་པ་དེ་ཟ་མི་ཉན།