དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-07

    མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན། ལོ་རྒྱུས་ལ་ཕྱོགས་བསྡུས་ལྟ་ཞིབ་བྱེད་སྐབས་མི་རིགས་ཁག་མཐུན་སྒྲིལ་དགའ་གཅེས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དང་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་གལ་ཆེན་དང་འབད་བརྩོན་ལྷོད་མེད་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཀྱང་རེད།

    མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་རྩ་བའི་ཁྱད་ཆོས་དང་སྲོག་ཤིང་གི་ནང་དོན་གྲས་ཤིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱིས་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་ཀྱང་རེད། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་གི་མཐུན་སྒྲིལ་གྱི་སྲོག་ཤིང་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མེས་རྒྱལ་གཅིག་གྱུར་གྱི་རྨང་གཞི་ཡིན།

    ཀྲུང་ཧྭ་མི་རིགས་དར་རྒྱས་སྟོབས་འབྱོར་ཡོང་བར་མི་རིགས་ཁག་མཐུན་སྒྲིལ་དགའ་གཅེས་བྱ་རྒྱུར་བརྟེན་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་ཧྭ་མི་རིགས་ཀྱིས་མདུན་སྐྱོད་བྱེད་རིང་ཆབ་སྲིད་ཀྱི་ཁྱབ་ཁོངས་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། རང་བྱུང་ཁམས་བཅས་ནས་བྱུང་བའི་དཀའ་ངལ་དང་ཚོད་བགམ་སྣ་ཚོགས་ཁྱད་བསད་དང་། རྒྱལ་ཁབ་ཕྱི་ནང་ནས་བྱུང་བའི་གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་པས། རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤག་ངང་མདུན་སྐྱོད་བྱས་ཡོད། དེའི་ནང་ཧ་ཅང་གལ་འགངས་ཆེ་བའི་རྒྱུ་རྐྱེན་ཞིག་ནི་མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ། བློ་སེམས་གཅིག་མཐུན། མཉམ་གཤིབ་འབད་འཐབ་བྱས་པ་དེ་རེད།

    ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་མི་རིགས་ཁག་མཐུན་སྒྲིལ་དགའ་གཅེས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྔ་འཛིན་ཕྱི་གཏོད་དང་། བློ་སེམས་གཅིག་མཐུན། ལག་གདང་དཔུང་སྦྲེལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཚེ། ད་གཟོད་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཕྱིར་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་སྟོབས་ཤུགས་ཆེན་པོ་འདོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།