དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-07

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁྲུའི་ཝ་པ་གླིང་སྡེ་ཁུལ་ལ་1988ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་མཉམ་སྡེབ”ལ་བདམས་པ་ནས་བཟུང་། མི་རིགས་མཐུན་སྒྲིལ་གྱི་བྱ་དགའ་16ཐོབ་པའི་ནང་། རྒྱལ་ཁབ་རིམ་པའི་བྱ་དགའ་4དང་། རང་སྐྱོང་ལྗོངས་རིམ་པའི་བྱ་དགའ་6 ལྷ་ས་གྲོང་ཁྱེར་རིམ་པའི་བྱ་དགའ་1 ཁྲེང་ཀོན་ཆུས་རིམ་པའི་བྱ་དགའ་2 ཁྲོམ་གཞུང་དོན་གཅོད་ཁྲུའུ་རིམ་པའི་བྱ་དགའ་3བཅས་ཐོབ་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་དང་ལྷ་ས་གྲོང་ཁྱེར་གྱི“ཁྱབ་སྤེལ་བདུན”གྱི་ཚོད་ལྟའི་ཚན་པ་སོགས་ལའང་བདམས་ཡོད།

    རྩ་འཛུགས་འཛུགས་སྐྱོང་གནད་འཁེལ་ཡོང་བ་བྱས་ནས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བཏོད་པ།

    མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་དང་ཐོག་བསམ་བློའི་ཐོག་མཐོང་ཆེན་བྱས་པ་སྟེ། སྡེ་ཁུལ་དེའི་ཏང་ཀྲི་པུས་སྡེ་ཁུལ་གྱི་ཧྲུའུ་ཅི་ཨང་དང་པོ་ཉིད་འགན་འཁུར་བ་དང་པོར་གཏན་འཁེལ་བྱས་ནས། སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཁྱོན་ཡོངས་ནས་འགན་ཁུར་ཏེ་གནད་དོན་ཆེ་རིགས་རང་ཉིད་ཀྱིས་འདྲི་བ་དང་གཙོ་གནད་མི་སྣར་རང་ངོས་ཀྱིས་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཡོད།

    བོད་རྒྱ་ཧུད་མི་རིགས་གསུམ་ལས་གྲུབ་པའི་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་རུ་ཁག་ཆུང་གྲས་ཀྱིས་ལོ་ལྟར“མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་གྲོང་མི་མང་ཚོགས་རྣམས་ལ་སྨོན་འདུན་བཟང་པོ་དང་སྤྲོ་སྣང་སྦྱིན་པ་དང་སྦྲགས་ཚང་མར་མིག་འདྲིས་རྣར་འཇགས་ངང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་ལེན་ཡོང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་པས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཐུབ་པ་བྱུང་ཡོད།

    བརྟག་དཔྱད་རྒྱུས་ལོན་ཟབ་མོ་བྱས་ནས་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ།

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། སྡེ་ཁུལ་གྱིས་ཞབས་ཞུའི་ཚོམས་ཆེན་འཛུགས་པ་དང་། རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་སྐོར་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། གྲངས་ཉུང་མི་རིགས་ཀྱི་གྲོང་མིའི་དགོས་འདུན་ཉན་ནས་ཞབས་ཞུ་སྣ་ཚོགས་སྒྲུབ་པ་དང་། དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་དུས་ཐོག་ཏུ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱི་དགོས་འདུན་བབ་བསྟུན་ངང་ཁོང་དུ་ཆུད་པ་བྱས་ནས་བརྡ་གཏོང་ཚོད་ལེན་ལམ་སྲོལ་འཛུགས་པ་དང་། ཐོལ་བྱུང་འགལ་བ་དང་གནད་དོན་གྲལ་བཤེར་དང་བརྟག་དཔྱད། ཐག་གཅོད་འདུམ་འགྲིག གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་ཉེ་འཁོར་མང་ཚོགས་དབར་གྱི་འགལ་བ་དང་རྩོད་གཞི་འོས་འཚམ་ངང་ཐག་གཅོད་བཅས་བྱས་ནས་བརྟན་ལྷིང་ལ་གནོད་པའི་རྐྱེན་ངན་འབུར་འཇོམས་ཐུབ་ཡོད།

    ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ཕྱོགས་མིའི་ལས་དོན་ཡག་པོ་བསྒྲུབས་པ།

    ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་མི་འབོར་མང་བ་དང་ཕར་འགྲོ་ཚུར་འོང་བྱེད་མང་་བར་དམིགས་ནས། ཝ་པ་གླིང་སྡེ་ཁུལ་གྱིས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་མི་འབོར་ཞབས་ཞུ་དང་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་། ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་། བྱ་གཞག ལས་ཁུངས་བཅས་དང་དེ་བཞིན་བོགས་གཏོང་ཁང་པ་དང་། སྒེར་གཉེར་ཚོང་དུད་སོགས་སུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་ཤིང་། རིགས་དབྱེ་ནས་རྩིས་ཐོ་བཟོས་པ་དང་ཕྱོགས་མིའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཆ་འཕྲིན་གནས་ཚུལ་འཕྲལ་མར་གསར་བརྗེས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་དེས་ཆ་སྙོམས་ལོ་རེར་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་གནས་སྡོད་ལག་ཁྱེར་དང་གནས་གཡར་ལག་ཁྱེར་སྟོང་ལྷག་རིན་པ་མི་དགོས་པར་བཟོས་པས། རྒྱ་ཆེའི་གྲོང་མི་ཕྱོགས་མིའི་ཁས་ལེན་རྒྱ་ཁྱབ་ཏུ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།