དབུ་ཤོག>གསར་འགྱུར།
  • བོད་རྒྱ་ཀྲི་པུའུ་ཧྲུའུ་ཅི་གཉིས་ཀྱིས་ཐུན་མོང་ཐོག་ས་མཐོར་དབུལ་སྒྲོལ་གྱི་གྲུབ་འབྲས་བཏོད།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའེ་ཞའོ་ཡུང་དང་། ཡེ་ཅན་ཕིང་། ཝེ་ཀྲའོ་ཡང་བཅས་ཀྱིས།   |     སྤེལ་དུས།  2017-06-02

    ས་སྲོད་ཀྱི་མཚམས་སུ་བྲག་འགོ་རྫོང་གི་ས་བབ་སྨི་3200ལྷག་ཙམ་ཡོད་པའི་ཕྱག་རུ་ཆུ་ལུང་ཤུར་དུ་གྲལ་སྟར་འགྲིག་པའི་སྐྱ་ཐལ་ཐལ་གྱི་དྲོད་ཁང་དག་ལ་ཁའི་ཉི་ཟེར་འོད་འཕྲོས་ནས་དེ་བས་བརྗིད་ཉམས་ལྡན་པ་ཞིག་སྣང་། དེ་ནི་སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་གྱི་གཞི་ཁྱོན་ལྡན་པའི་ལྗང་མདོག་སྔོ་ཚལ་ཐོན་ལས་གླིང་ཐོག་མ་དེ་རེད།

    ད་ལོ་ལོ་34ལ་སླེབས་པའི་བོད་རིགས་ཨ་ཅག་ཅིག་གིས་ཆུ་ཟོམ་ཁུར་ཏེ་དྲོད་ཁང་ནས་ཁ་གྱེས་ལ་ཉེ། “གྲོང་རྡལ་གྱིས་ང་གནས་འདིར་ལས་ཀ་བྱེད་པར་མངགས་བྱུང་། ཟླ་བ་གཉིས་གོང་ཉིན་རེར་སྒོར་80རེད། ཟླ་བ་འདིར་སྒོར་100བར་འཕར་འདུག”

    ཨ་ཅག་དེ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་སྲིབ་མོ་གྲོང་རྡལ་རི་འགྲམ་གྲོང་ཚོ་ནས་རེད་འདུག བཟའ་ཟླ་ནད་གཞིས་རྐྱེན་པས་ཚེ་ལས་འདས་རྗེས་རང་ཉིད་གཅིག་པུས་ལོ་10ལ་སོན་པའི་ཕྲུ་གུ་གཉིས་སྐྱོང་གི་ཡོད་པས། ཁོ་མོ་ནི་གྲོང་རྡལ་གྱིས་གཙོ་གནད་ཐོག་རོགས་སྐྱོར་བྱ་ཡུལ་དཀའ་ངལ་ཡོད་པའི་དུད་ཚང་ཞིག་རེད།

    ཟླ་བ་གསུམ་གྱི་གོང་དུ་ཨ་ཅག་ཁོང་གིས་རྫོང་གྲོང་སློབ་ཆུང་གི“གནས་སྐབས་གླ་པའི”ལས་ཀ་ནས་དོན་ཏེ་སྔོ་ཚལ་རྟེན་གཞིའི་ལས་ལ་གཞོལ། ཟླ་རེར་འབབ་འཕར་སྒོར་1000ལྷག་ཙམ་ཡོད་ཁར་འགྱུར་ལྡོག་ཆེ་ཤོས་ནི་ཁོ་མོ་ནས་དང་གྲོ་སོགས་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་ཁོ་ན་ལས་འདེབས་མི་ཤེས་པའི་བོད་རིགས་བུད་མེད་ཞིག་མ་ཡིན་པར། ས་མཐོའི་ཐོག་ཀྲོ་མ་ཀྲུའུ་དང་ཧོང་ཀྭ་སོགས་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་བྱེད་མཁན་གྱི“ལས་རིགས་ཞིང་པར”གྱུར།

    ས་མཐོའི་བོད་རིགས་ས་ཁུལ་གྱི་སྐྱེ་ལྡན་སྔོ་ཚལ་དཔེ་སྟོན་རྟེན་གཞིར་ཨ་ཅག་ཁོང་དང་འདྲ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི“ལས་རིགས་ཞིང་པ”ད་དུང་20ལྷག་ཙམ་ཡོད། རྟེན་གཞི་དེ་ཧྲེང་ཧོང་ཞིང་ལས་ཀུང་སིས་བསྐྲུན་པ་ཞིག་དང་སྦྱིན་བདག་ཧྲེང་ཞོད་ཝུའུ་ནི་རང་རྒྱལ་གྱི“སྔོ་ཚལ་ཕ་ཡུལ”ཧྲན་ཏུང་ཧྲོའུ་ཀོང་ནས་རེད། ཕ་ཡུལ་ཧ་ལུང་གྲོང་རྡལ་ལེ་ཡེ་གྲོང་ཚོར་སྦྱིན་བདག་ཁོང་གིས་གྲོང་ཚོའི་ཀྲི་ཧྲུའུ་ལོ་26བྱེད་མྱོང་བའི་ཕྱུག་འགྱུར་སྣེ་འཁྲིད་པ་ཞིག་རེད།

    སྟབས་ལེགས་པ་ཞིག་ལ་ཧྲེང་ཞོད་ཝུའུ་ལ་མ་གྲོས་སེམས་མཐུན་གྱི“ལས་རིགས་གཅིག་པའི”རྒྱས་བཟང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལོ་7བྱེད་མྱོང་བའི་རྣམ་རྒྱལ་དང་འཕྲད། དེས་ན་བོད་རིགས་ཀྲི་པུའུ་ཧྲུའུ་ཅི་ཞིག་དང་རྒྱ་རིགས་ཀྱི“ཀྲི་ཧྲུའུ་རྙིང་པ”གཉིས་པོས་དུད་ཚང་མི་རེ་ངོ་རེར་བསྐྱོད་པ་དང་རྩིས་གསལ་གསལ་ཐིང་ཐིང་བརྒྱབ་ནས“བསམ་བློའི་ཐད་སྐུལ་སློང”ཞིག་བྱས།

    “ནས་དང་གྲོ་བཏབ་ཚེ་མུའུ་རེ་ནས་ལོར་ཡོང་འབབ་སྒོར་300ལྷག་ཙམ་ལས་ཡོང་གི་མེད། ས་ཞིང་བརྒྱུད་ཤུག་བྱས་རྗེས་མུའུ་རེ་ནས་ལོར་བོགས་དངུལ་སྒོར་500ཡོང་བའི་ཁར་བགོ་འགྲེམས་སྒོར་100ཡང་ཡོང་གི་འདུག”ཅེས་རྣམ་རྒྱལ་གྱིས་བཤད། ཁོང་གིས་དང་ཐོག་མི་ཚང་མས་དེར་ཡིད་ཆེས་མི་འདུག ཕྱིས་སུ་སྔོན་ལ་ས་ཞིང་བརྒྱུད་ཤུག་བྱས་པའི་དུད་ཚང་ལ་དངུལ་བྱུང་བ་མཐོང་སྐབས་ཚང་མས་ང་ཤོར་ཁོ་ཤོར་བྱེད་ཀྱི་འདུག རྒྱས་བཟང་གྲོང་ཚོར་དུད་ཚང་58དང་ས་ཞིང་མུའུ་900ལྷག་ཙམ་ཡོད། ཟླ་བ་འགའ་མ་སོང་བར་ས་ཞིང་མུའུ་200ལྷག་ཙམ་བརྒྱུད་ཤུག་བྱས་པ་དང་དེ་དག་དུད་ཚང་17དང་འབྲེལ་བ་ཡོད།

    མི་རིང་བར་ཉེ་འགྲམ་གྱི་རི་འགྲམ་གྲོང་ཚོས་ཀྱང་ཀུང་སིས་ཁོང་ཚོའི་ས་ཞིང་ཡང་བོགས་མར་ལེན་རྒྱུའི་རེ་བ་བཏོན། མིག་སྔར་ཧྲེང་ཧོང་ཞིང་ལས་ཀུང་སིས་སྲིབ་མོ་གྲོང་རྡལ་གཅིག་པུ་ནས་ས་ཞིང་མུའུ་500ལྷག་ཙམ་བོགས་མར་བླངས་ནས་དྲོད་ཁང་40བརྒྱབ་ཡོད།

    ས་ཞིང་བརྒྱུད་ཤུག་བྱས་པའི་ཞིང་པར་འབབ་འཕར་བྱུང་ཞིང་། ས་ཞིང་བརྒྱུད་ཤུག་གི་གྲོས་མཐུན་གཞིར་བཟུང་རྟེན་གཞིས་གྲོང་ཚོའི་གྲོང་མིར་སྔོན་ལ་བསམ་བློ་གཏོང་དགོས་པ་དང་གྲོང་ཚོ་ནས་དུད་ཚང་དབུལ་པོ་སྔོན་ལ་བཀོད་སྒྲིག་བྱེད་དགོས། བསྡོམས་རྩིས་ལྟར་ན། ན་ནིང་རྟེན་གཞིས་ངལ་ནུས་གླ་ཆ་སྒོར་ཁྲི་100ལྷག་ཙམ་བཏང་བའི་ནང་རྒྱས་བཟང་གྲོང་ཚོའི་གྲོང་མི་མི་རེར་ཆ་སྙོམས་འབབ་འཕར་སྒོར་2165བྱུང་ཡོད།

    “རྟེན་གཞི་འཕེལ་རྒྱས་གཏོང་བ་དང་མི་སེར་ཕྱུག་པོ་ཆགས་དགོས་ན། འགག་རྩ་ནི་ད་དུང་ཏང་དང་སྲིད་གཞུང་ལ་རྟེན་དགོས”ཞེས་ཧྲེང་ཞོད་ཝུའུ་ཡིས་བཤད་ཅིང་། ཁོང་གིས་ཉེ་བའི་ལོ་འགའི་རིང་ས་གནས་དེ་གའི་ཏང་ཨུད་སྲིད་གཞུང་གིས་ཀུང་སིར་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་། མཐའ་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་ནི་ཀྲེ་ཅང་ཞིང་ཆེན་དང་ཁྲེང་ཏུའུ་ཅིང་ཅང་ཆུས་ཀྱིས་རོགས་སྐྲུན་བྱས་པ་ཞིག་རེད། ཉིན་ཤས་ནང་། སྲིད་གཞུང་གིས་ད་དུང་ང་ཚོར་ཁྲོམ་པ་འདྲུ་རོགས་གནང་རྒྱུ་ཡིན་པས། དྲོད་ཁང་གི་གཞི་ཁྱོན་དེ་བས་ཆེ་རུ་གཏོང་རྩིས་ཡོད། དེས་མ་ཚད་འབྲེལ་ཡོད་གྲོང་ཚོ་དང་ཁེ་ལས་ཀྱི་མཉམ་འབྲེལ་ཏང་ཀྲི་པུའུ་འཛུགས་རྒྱུ་ཡིན་ཞེས་བཤད།

    ཧྲེང་ཞོད་ཝུའུ་ཡི་རྟེན་གཞི་ནི་སི་ཁྲོན་བོད་རིགས་ས་ཁུལ་གྱིས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བའི་མཚོན་བྱེད་ཙམ་ཡིན། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་ཡུལ་བབ་དང་བསྟུན་ཏེ་ལྗང་མདོག་སྣོད་བཅུད་ཐོན་ལས་དཔེ་སྟོན་ཁུལ་གཙོ་གནད་ཐོག་གཏོད་རྒྱུ་དང་། དཀར་མཛེས་ཀྲོའུ་ཁོ་ནར“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་ལེ་བརྒྱའི་ལྗང་མདོག་སྣོད་བཅུད་ཐོན་ལས་དཔེ་སྟོན་ཁུལ་3བསྐྲུན་ནས་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་རིམ་བཞིན་འགྱུར་ལྡོག་གཏོང་རྒྱུ་རེད། དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་པས་ན། ས་མཐོའི“གཉིད་ལ་ཡུར་བའི”ལོ་ངོ་སྟོང་གི་ཚ་ནུས་ཐོན་ཁུངས་འདི་ཉིད་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ལ་ཁྲིད་སྟོན་བྱེད་པའི“མི་ལྕེ”ལྟ་བུར་བསྒྱུར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།