1.དབྱར་དུས་རྔུལ་དྲེག་གིས་འཚོས་པའི་སྟོད་གོས་ངེས་པར་དུ་ཆུ་གྲང་མོས་འཁྲུ་དགོས་པ་ལས་ཚ་པོས་འཁྲུ་མི་ཉན།
2.སྟོད་གོས་དང་རྐང་ཤུབས་སོགས་ལ་རྟག་ཏུ་རྔུལ་དྲེག་གི་དྲི་མ་ཆེ་བས། དེ་དག་བཀྲུས་རྗེས་ཚུའུ་ཏོག་ཙམ་བླུགས་ནས་གཙང་བཤལ་ཐེངས་གཅིག་བཏང་ན་དྲི་ངན་སེལ་ཐུབ།
3.དབྱར་དུས་ཕྲུ་གུར་རྫས་འགྱུར་ཚི་སྣའི་རིགས་ཀྱིས་བཟོས་པའི་གྱོན་ཆས་གཡོག་མི་ཉན། གང་ལགས་ཤེ་ན། རྫས་འགྱུར་ཚི་སྣས་བཟོས་པའི་གྱོན་ཆས་ཀྱི་ཆུ་འཛིན་པའི་ནུས་པ་དང་རླུང་འགྲོའི་ནུས་པ་ཞན་པས་ཕྲུ་གུར་པགས་ནད་ཕོག་ཉེན་ཆེ།
4.དབྱར་དུས་སི་ཤན་གྱིས་བསླས་པའི་རྐང་ཤུབས་ཡུན་རིང་པོ་གྱོན་མི་ཉན། གང་ལགས་ཤེ་ན། རྐང་ཤུབས་དེ་རིགས་ཀྱིས་པགས་པ་དམ་པོར་བཅིངས་ནས་པགས་པའི་བུ་ག་བཀག་སྟེ་རྔུལ་ཆུ་རང་བཞིན་དུ་ཐོན་རྒྱུར་འགོག་རྐྱེན་བཟོས་ནས་ཚ་ནད་ཕོག་ཉེན་ཆེ་ལ་པགས་པའི་ཆ་ཤས་ན་བ་དང་ནད་དུག་འགོ་ཉེན་ཆེན་པོ་ཡོད།
5.ཚ་གདུག་ཆེ་བའི་ཉིན་མོར་སྲན་ལྗང་དང་སྲན་ནག སྲན་ཆུང་དམར་པོ་བཅས་སྐོལ་བའི་ཐང་རྟག་ཏུ་བཏུང་ན་དེས་ཚ་ནད་དང་མཆིན་པའི་གཉན་ཚད། རྒྱུ་ཚད། བཤལ་ནད་སོགས་ཀྱི་ནད་རིགས་སྔོན་འགོག་བྱེད་ཐུབ།