འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་བྲོས་ཕྱིན་པ་ཞེས་པ་དེ་ནི། འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་ལས་འཛོལ་བཟོ་མཁན་དོ་བདག་གིས། ཁྲིམས་ལུགས་ཀྱི་འགན་འཁྲིར་གཡོལ་ཆེད་དུ་འཁོར་རིགས་བཏང་བའམ་ཡང་ན་འཁོར་རིགས་བསྐྱུར་ནས། ལས་འཛོལ་ཐོན་ཁུལ་ནས་བྲོས་པའི་བྱེད་སྤྱོད་ལ་ཟེར་ཞིང་། ལག་ལེན་ཁྲོད། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་གལ་ཏེ་ཁ་ལོ་བས་བྲོས་ཚེ། ལས་འཛོལ་གྱི་འགན་འཁྲི་ཡོད་ཚད་ཁ་ལོ་བས་འཁུར་དགོས། ཁྲིམས་ལུགས་ཐད་ཀྱི་གཞི་འཛིན་ས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག་གི་དོན་ཚན་92ནང་། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་དོ་བདག་བྲོས་ཚེ་ལས་འཛོལ་གྱི་ཁྲིམས་འགན་ཆ་ཚང་འཁུར་དགོས། གལ་ཏེ་དོ་བདག་གཞན་པ་དེ་ལ་ནོར་འཁྲུལ་ཡོད་པའི་དཔང་བརྟག་ཁུངས་བཙན་ཡོད་ན་འགན་འཁྲི་ཇེ་ཡང་དུ་བཏང་ཆོག་ཅེས་གཏན་འབེབས་བྱས་ཡོད་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་99པ་དང་། དོན་ཚན་101པའི་ནང་། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་དོ་བདག་བྲོས་པའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས་སྐོར་གྱི་གཏན་འབེབས་འདི་ལག་བསྟར་བྱས་ཡོད་པ་སྟེ།
1གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་དོ་བདག་བྲོས་པའི་བྱེད་སྤྱོད་དེ་ཉེས་གསོག་གི་ཚད་དུ་མ་སླེབས་པའི་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པས་སྒོར་200ཡན་ནས་སྒོར་2000མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉིན་15ནང་ཚུན་དུ་བཀག་ཉར་བྱས་ཆོག
2ཚབས་ཆེ་བའི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་བྱུང་རྗེས་དོ་བདག་་བྲོས་པའི་བྱེད་སྤྱོད་དེ་ཉེས་གསོག་ཚད་དུ་སླེབས་པའི་རིགས་ལ་ཁྲིམས་ལྟར་ཉེས་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་པས་ཁ་ལོ་བའི་ལག་ཁྱེར་གཞུང་བཞེས་གཏོང་རྒྱུ་དང་སྦྲགས་ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་ཆོག་གི་མེད།