དབུ་ཤོག
  • ཁྲག་ཤེད་གཅོག་ཐུབ་པའི་ཟས་རིགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-30

    ཇིན་ཚལ།  རྒྱུན་གཏན་མི་མང་པོ་ཞིག་ཁྲག་ཤེད་མཐོ་བའི་རྐྱེན་གྱིས་མགོ་ན་བ་སོགས་བྱེད་ཀྱི་ཡོད་པས། དེའི་སྐབས་ཇིན་ཚལ་སོས་པ་ཟས་ན་ནད་གཞི་དེ་རིགས་ཞི་ལྷོད་དུ་གཏོང་ཐུབ།

    སྲན་ལྗང་།  སྲན་ལྗང་ཟས་ན་གཅིག་ནས་ཁྲག་ཤེད་དམའ་རུ་གཏོང་ཐུབ་པ་དང་གཉིས་ནས་ནད་གཞི་ཡང་དུ་གཏོང་ཐུབ། གཞན་ཡང་སྲན་ལྗང་རྒྱུན་དུ་བསྟེན་ན་ཁྲག་ཚིལ་མཐོ་བའི་ནད་སྔོན་འགོག་བྱེད་ཐུབ།

    རྒྱ་སྲན་མེ་ཏོག  རྒྱ་སྲན་གྱི་མེ་ཏོག་སོས་པ་ཁེ་དྲུག་བཅུའམ་ཡང་ན་མེ་ཏོག་སྐམ་པོ་ཁེ་བཅོ་ལྔ་ཆུའི་ནང་བསྐོལ་རྗེས་དེའི་ཁུ་བས་ཁྲག་ཤེད་མཐོ་བ་དང་སྣ་ཁྲག་ཐོན་པ་སོགས་བཅོས་ཐུབ།

    ཆུ་སྐྱེས་པད་མའི་ཟེའུ་འབྲུ།  ཆུ་སྐྱེས་པད་མའི་ཟེའུ་འབྲུར་ཁྲག་ཤེད་གཅོག་པ་དང་དྲན་པ་གསོ་བའི་ནུས་པ་ལྡན་པས་ཁྲག་ཤེད་མཐོ་བ་དང་།  སྙིང་འཕར་ཤུགས་ཆེ་བ། གཉིད་མི་ཁུག་པ་སོགས་ཀྱི་ནད་པས་བསྟེན་ན་ཡག་པོ་ཡོད། དེའི་སྤྱོད་ཐབས་ནི་པད་མའི་ཟེའུ་འབྲུ་ཁེ་གཅིག་ནས་གཉིས་ཀྱི་སྦངས་ཁུ་ཇའི་ཚབ་བྱས་ཏེ་བཏུངས་ན་འགྲིག

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།