གསར་འགོད་པར་ཚེས་27ཉིན་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཨ་མ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོས་ཡོ་རོབ་ཏུ་ཕྱིར་གཏོང་བྱས་པའི་ཤུགས་འགྲེམས་མེ་འཁོར་ཁག་དང་པོ་སྟེ། མ་ཆི་ཏུན་གློག་སྒུལ་མེ་འཁོར་རྣམ་གྲངས་དེ་ཡོ་རོབ་མནའ་འབྲེལ་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ལག་རྩལ་གྱི་ཚད་ལྡན(TSI)གྱི་དཔང་རྟགས་ཁས་ལེན་ཐོབ་པ་དེ་ཐོག་ནས་ཀྲུང་གོའི་ཤུགས་འགྲེམས་མེ་འཁོར་ལ་ཡོ་རོབ་ལྕགས་ལམ་ཐོན་རྫས་ཀྱི་ཡོ་རོབ་ཐུན་མོང་སྒྲིག་གཞིའི(EC)འཚམ་མཐུན་དཔང་རྟགས་ཁས་ལེན་ལག་ཁྱེར་དངོས་སུ་རག་པ་མཚོན་པ་དང་འབྲེལ་ཡོད་ཐོན་རྫས་ཡོ་རོབ་ཁྲོམ་རར་ཞབས་ཞུ་བྱེད་ཆོག་པའི“ལམ་ཡིག”ཐོབ་པ་རེད།