དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-30

    ཟླ་5ཚེས་28དང་29ཉིན་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུ། གཞིས་རྩེའི་ལྷོ་ནུབ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་གཙང་པོའི་རྒྱུད་དང་། ཆབ་མདོ། མངའ་རིས་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།

    ཟླ་5ཚེས་30དང་31ཉིན་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཁུལ་དུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ཆབ་མདོ། ནག་ཆུའི་དབུས་ཤར་རྒྱུད། གཙང་པོའི་དབུས་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་གྲོ་མོའི་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ། མངའ་རིས་དང་། ནག་ཆུའི་ནུབ་རྒྱུད། གཙང་པོའི་ནུབ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ།

    གྲོས་འགོ།

    1.ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་ཆེན་པོ་འབབ་ནས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བས་དོགས་ཟོན་བྱེད་དགོས་པ་དང་།

    2.གཟའ་འཁོར་འདིའི་དུས་མཇུག་ཏུ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་མང་བས་ཐོག་དང་སེར་བར་དོགས་ཟོན་བྱེད་དགོས་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།