དབུ་ཤོག
  • གློ་བའི་ངན་སྐྲན་འགོག་པའི་ཐབས་ཡག་ཤོས་ནི་ཐ་མག་གཅོད་རྒྱུ་དེ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-29

    གློ་བའི་ངན་སྐྲན་ཕོག་མཁན་སྐྱེས་པའི་ནང་གི་80%དང་དེ་བཞིན་བུད་མེད་ནང་གི་75%ཡི་ནད་སློང་རྐྱེན་ནི་ཐ་མག་འཐེན་པ་ལས་བྱུང་བ་ཞིག་ཡིན་ཞིང་། གློ་བའི་ངན་སྐྲན་འགོག་པར་ཕྱོགས་འགའ་ཞིག་ཐད་ནས་དོ་སྣང་བྱ་དགོས་པ་སྟེ། ཉེ་འཁོར་དུ་མི་གཞན་གྱིས་ཐ་མག་འཐེན་པ་ལས་བྱུང་བའི་གནོད་འཚེ་འགོག་གང་ཐུབ་བྱེད་པ་དང་། ཁང་པའི་ཕྱི་ནང་གི་ཁོར་ཡུག་གཙང་སྦྲར་དོ་སྣང་དང་། རྒྱུན་དུ་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་རྒྱུག་ཐུབ་པ་བྱེད་པ། བདེ་ཐང་ལ་ཕན་ཐོགས་ཡོད་པའི་འཚོ་བའི་གོམས་གཤིས་འཇགས་པ་བྱེད་པ་དང་རྣམ་ཀུན་ནས་འཚོ་བཅུད་འོས་འཚམ་གསབ་དགོས་པ། སེམས་པ་ལྷོད་པོ་ཡོང་བ་བྱེད་པ་ལས་སེམས་འཚབ་དང་སུན་སྣང་བྱེད་མི་རུང་བ། འགྱེད་འཕྲོའི་རང་བཞིན་ལྡན་པའི་དངོས་པོར་གཡོལ་ཐབས་བྱེད་དགོས་པ་སོགས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།