དབུ་ཤོག>གསར་འགྱུར།
  • “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”ཆེད་དོན་ཟུར་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-27

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་66འཁོར་བར་དྲན་གསོ་ཞུ་བའི་ཉིན་མོར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཚོགས་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀརྨ་བསྟན་པས་ལས་བཟོ་ཡོངས་ལ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད”ཅེས་པའི་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ཟུར་ཁྲིད་གནང་སྐབས། ཀརྨ་བསྟན་པས་རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་མཐུན་སྒྲིལ་ནི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་མི་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་དང་། བརྩི་འཇོག བསྟུན་མཁས། མིག་དཔེར་འཛིན་པ། སློབ་སྦྱོང་། རོགས་རེས་བཅས་བྱས་ནས་སེའུ་འབྲུའི་འབྲུ་གུ་བཞིན་དམ་དུ་སྦྲེལ་དགོས་ཞེས་གསུངས་པ་དང་། ཙུང་ལི་ལི་ཁེ་ཆང་གིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མི་རིགས་མཐུན་སྒྲིལ་བྱ་རྒྱུ་ནི་རྩམ་པ་དང་འབྲས་བཙོས་མ་གོང་བུར་སྒྲིལ་བ་བཞིན་དགོས་ཞེས་གསུངས་ཡོད། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

    ཟུར་ཁྲིད་གནང་སྐབས། ཀརྨ་བསྟན་པས་བོད་འདི་གནའ་སྔ་མོ་ནས་རང་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་དང་། ཐང་རྒྱལ་རབས་ནས་བཟུང་འུན་ཤིང་ཀོང་ཇོ་དང་། སྲོང་བཙན་སྒམ་པོ། མགར་སྟོང་བཙན། གྱིམ་ཤིང་ཀོང་ཇོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སོགས་མི་རིགས་མཐུན་སྒྲིལ་དང་མེས་རྒྱས་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་མཁན་གྱི་སྔོན་བྱོན་པ་དཔེར་དྲངས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཙོས་པའི་ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་པ་བརྒྱབ་པ་རེད།

    མཇུག་ཏུ། ཀརྨ་བསྟན་པས་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྔ་རྗེས་སུ་འཚོགས་ཏེ་ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་སོགས་ཐོག་ནས་བོད་ལ་རོགས་སྐྱོར་བྱ་ཤུགས་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་བོད་སྐྱོར་མ་དངུལ་གཞི་རིམ་དུ་ཕྱོགས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ཡོད། ང་ཚོས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་པའི་ཁར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བསྟུན་མཁས་ཀྱི་བསམ་བློའི་ཐོག་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་ནམ་ཡང་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།