མིའི་རིགས་ནི་ཟས་སྐོམ་ལ་བརྟེན་ནས་འཚོ་དགོས། རང་རྒྱལ་གྱི་མི་དམངས་རྣམས་ཟས་རིགས་གཡོས་སྦྱོར་ལ་མཁས་ཤིང་། ཟས་རིགས་རྔོ་བ་དང་གས་སུ་འཇུག་པ། བསྲེག་པ། བཙོ་བ། རླངས་སུབ་གཏོང་བ། འདུར་མ་བཟོ་བ་སོགས་སྣེ་གྲངས་ཧ་ཅང་མང་། དེ་བཞིན་ཞལ་ལག་ཚ་ཐོག་ལ་མཆོད་ཞེས་པའི་གོམས་གཤིས་ཤིག་འཇགས་ཡོད། དེ་འདྲ་བྱས་ན་ཁ་ནང་ཟས་སྐོམ་གྱི་འདོད་པ་ཚིམས་ནའང་ཚ་དྲགས་པའི་ཟས་རིགས་ཀྱིས་མིད་པའི་ནང་དུ་གནོད་འཚེ་ཕོག་གི་ཡོད་དེ། ཆེད་ལས་ཞིབ་འཇུག་པས་ངོས་འཛིན་བྱས་པ་ལྟར་ན། མིད་པའི་ནང་ངོས་ཤིན་ཏུ་མཉེན་པོ་ཡིན་ལ་དེས་སྤྱིར་བཏང་ཚ་ཚད་ཏུའུ་50ནས་60ཡི་བར་ལས་བཟོད་མི་ཐུབ་པ་དང་། ཚ་ཚད་དེ་ལས་བརྒལ་ན་མིད་པའི་སྐྱི་ལྤགས་འཚིག་འགྲོ་ཡི་ཡོད། དེས་ན་ཟས་སྐོམ་གང་ཞིག་ཡིན་རུང་བཟའ་བའི་དུས་ཅུང་ཙམ་གྲང་ན་ཁ་དང་མིད་པའི་སྐྱི་ལྤགས་ལ་མི་གནོད་དོ།