ཆམ་ནད་ཕོག་ནས་གློ་རྒྱག་པ་ནི་ཆམ་པའི་ནད་དུག་ལུས་པོས་འགོག་སྲུང་གི་བྱེད་ཐབས་ཤིག་ཡིན་པས་གློ་ཚད་དུ་འགྱུར་སླ་པོ་མེད། གལ་ཏེ་གློ་བརྒྱབ་ནས་ཕྲུ་གུའི་འགུལ་སྐྱོད་དང་། བཟའ་བཏུང་། གཉིད་ལ་ཤུགས་རྐྱེན་མ་བཟོས་ཚེ་གློ་སྨན་མ་བཏང་ནའང་ཆོག གལ་ཏེ་ཤུགས་རྐྱེན་བཟོས་ཚེ། ནད་གཞིར་གཞིགས་ནས་གློ་སྨན་གཏོང་དགོས། གློ་དྲག་པོ་བརྒྱབ་ནས་གཉིད་ཐེབས་བཅག་ཚེ། ཚྭ་ཆུའི་རླངས་རྔུབ་བྱས་ཏེ་དབུགས་ལམ་བརླན་ཐབས་ཀྱིས་གློ་འཇགས་པ་བྱེད་དགོས།
རླངས་རྔུབ་སྨན་གྱི་མ་གནས་ཅུང་མཐོ་བ་དང་སྤྱོད་བདེ་པོ་མེད་པས། ཁྱིམ་དུ་བརླན་ཆས་སྤྱད་དེ་ཁང་པའི་ནང་གི་བཞའ་ཚན་40%ནས་50%བར་ཟིན་པ་བྱས་ན་འགྲིག བཞའ་ཚན་ཆེ་དྲགས་ན་ནད་འབུ་སྐྱེ་སླ་བས་ཆུའི་རླངས་པ་རྔུབ་འཐེན་བྱེད་སྟངས་ཐོག་ནས་དབུགས་ལམ་གྱི་ན་ཟུག་འཇགས་པ་བྱེད་ཆོག
གློ་ཆམ་རྒྱག་སྐབས་ཆུ་མང་ཙམ་འཐུང་བ་དང་། ངལ་གསོ་མང་ཙམ་རྒྱག་པ་ལས་ཚྭ་དང་ཞག་ཚིལ་མང་བའི་ཟས་རིགས་ཉུང་ཙམ་ཟ་དགོས། ཕྲུ་གུས་ཆུ་མི་འཐུང་བའི་དུས་ཆུ་འཐུང་རྒྱུ་དེ་སྤྲོ་སྣང་དང་ལྡན་པ་ཞིག་ལ་འགྱུར་བ་བྱས་ཚེ་ཕྲུ་གུས་དང་ལེན་བྱེད་བདེ་པོ་ཡོད།