རྒྱལ་ནང་གི་ཁ་རྒྱུན་དུ་འབྲུ་སྣ་ལྔ་མང་ཙམ་བཟས་ན་ནད་རིགས་མང་པོ་ཕོག་མི་སྲིད་ཅེས་བརྗོད་སྲོལ་ཡོད་པས། མི་མང་པོ་ཞིག་གིས་འབྲུ་སྣ་ལྔའི་ཕན་ཡོན་ཤེས་འཕྲལ་ཁྲོམ་རར་འབྲུ་སྣ་ལྔའི་ཕྱེ་མ་དར་སྲོལ་གྱི་ཚོང་ཟོག་ཏུ་གྱུར་ཅིང་། དེ་ནི་ཕན་པ་ཆེ་ལ་སྤྱོད་སྟབས་བདེ་བའི་ངོས་འཛིན་བྱེད་བཞིན་ཡོད།
ཆེད་ལས་ཞིབ་འཇུག་པས་དྲན་སྐུལ་བྱས་དོན། འབྲུ་སྣ་ལྔའི་ཕྱེ་མ་རྒྱུན་དུ་བཟས་ན་ཁྲག་མངར་མགྱོགས་མྱུར་འཕར་འགྲོ་བས། གཟུགས་པོར་ཕན་པ་དེ་ཙམ་མེད། གལ་སྲིད་གཅིན་སྙི་ཟ་ཁུའི་ནད་གཞི་ཡོད་ན་དེ་བས་ཟ་རྒྱུ་མེད་ཅེས་སོ།