དབུ་ཤོག>གསར་འགྱུར།
  • ཞབས་བྲོ་མཁས་ཅན་ཞིག་གི་ལས་གཏོད་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    395018_yis_1494654151431_s.jpg

    འདི་ནི་ལས་ཀར་བྲེལ་བཞིན་པའི་འབྲུག་ཆེན་ཡིན་པ།

    ཕུགས་འདུན་ནི་དུས་ཚོད་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། འབྲོག་ཁུལ་གྱི་བུ་ཕྲུག་འབྲུག་ཆེན་གྱི་ཆུང་དུས་ཀྱི་ཕུགས་བསམ་ནི་མའེ་ཁེའར་ཅེ་ཁེ་ཤུན་ལྟར་གྱི་ཞབས་བྲོ་བ་ཞིག་བྱ་རྒྱུ་དེ་ཡིན། ཁོང་གིས་དམའ་རིམ་སློབ་འབྲིང་དུས་སུ་ཐོག་མར་སློབ་གྲྭའི་ནང་ཁྲོམ་བྲོར་རྒྱུས་མངའ་བྱུང་བ་དང་། དུས་དེ་ནས་བཟུང་ཁྲོམ་བྲོ་སྦྱོང་བ་དང་ཁྲོམ་བྲོའི་རིག་གནས་ལ་ཤེས་རྟོགས་བྱ་རྒྱུ་ནི་ཁོང་གི་དགའ་ཤོས་སུ་གྱུར། ཐང་ཧྲན་གྲོང་ཁྱེར་གྱི་ཁྲོམ་བྲོའི་འགྲན་བསྡུར་ནང་ཁོང་ལ་མི་ཚེའི་ནང་གི་བྱ་དགའ་ཐོག་མ་དེ་ཐོབ།

    འབྲུག་ཆེན་གྱིས་ནམ་ཞག་རྒྱུན་དུ་ནས་རང་ཉིད་ཀྱི་ཕུགས་འདུན་མཐའ་འཁྱོངས་བྱེད་ཀྱི་ཡོད། དུས་ཀྱི་འགྲོས་དང་བསྟུན་ནས་མི་དེ་བས་མང་བ་ཞིག་གིས་ཁྲོམ་བྲོའི་རིག་གནས་ལ་ཤེས་རྟོགས་དང་དང་ལེན་བྱེད་འགོ་ཚུགས་ནས་ཐང་ཆེན་ཐོག་ཁྲོམ་བྲོ་འཁྲབ་མཁན་གྱི་ན་གཞོན་ཡང་རིམ་བཞིན་མང་དུ་ཕྱིན་ཡོད།

    2010ལོའི་ཚུན་དུ་རང་སྐྱོང་ལྗོངས་ཀྱི་ལས་གཏོད་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པས། ན་གཞོན་དེ་བས་མང་བ་ལས་གཏོད་ལམ་བུའི་ཐོག་བསྐྱོད་འགོ་ཚུགས་ཤིང་། འབྲུག་ཆེན་ཡང་དེའི་ཁྲོད་ཀྱི་གྲས་ཤིག་རེད།

    ཁོང་གིས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་བརྒྱུད་བསྒྲགས་བྱ་རྒྱུར་གཞི་ཚུགས་ནས་བོད་ལྗོངས་བྱང་ཆུབ་ལྗོན་ཤིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་གཉེར་ཞིང་། ཀུང་སིས་སྒྲ་བརྙན་ཕབ་བཟོ་དང་། དྲིལ་བསྒྲགས་ཇུས་འགོད། རྒྱ་བོད་ཡིག་སྒྱུར། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སོགས་ཀྱི་ལས་སྒོ་གཙོ་གཉེར་བྱེད་ཀྱི་ཡོད།

    ཐོན་ཁུངས་བསྡུ་སྒྲིལ་དང་ལས་སྒོ་རྒྱ་ཆེར་གཏོང་ཆེད། ཁོང་གིས་ཀུང་སི་དང་ཞབས་བྲོ་ཚོགས་པ་ཟླ་སྒྲིལ་བཏང་ནས་བོད་ལྗོངས་ཨའེ་ལེ་ཧྥུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉེར་བ་རེད། མིག་སྔར་ཁོང་ནི་བོད་ལྗོངས་བྱང་ཆུབ་ལྗོན་ཤིང་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཁྲིམས་ཚན་འཐུས་ཚབ་དང་། ཏུང་ཧྲི་ཀྲང་། བོད་ལྗོངས་ཨའེ་ལེ་ཧྥུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་བསྟར་ཏུང་ཧྲི་ཀྲང་བཅས་ཡིན་པ་ཕུད། ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རེད། ཁོང་དང་འདྲ་བའི་ན་གཞོན་དེ་བས་མང་བ་ལས་གཏོད་ལམ་བུའི་ཐོག་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་ནི་ཁོང་གི་རྒྱུན་གཏན་གྱི་ལས་དོན་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།