དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་5ཚེས་15ནས་21ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་གཞིས་རྩེའི་ལྷོ་རྒྱུད་དང་། ཉིང་ཁྲི ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། གཙང་པོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། གཙང་པོའི་རྒྱུད་དུ་གནམ་འཐིབ་ནས་ཆར་པ་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་མཇུག་ཉིན་གཉིས་ནང་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གནམ་འཐིབ་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཁུལ་དུ་ཆར་པ་མང་པོ་འབབ་རྒྱུ་ཡིན་པས་རྒྱུན་མཐུད་རང་བཞིན་གྱི་ཆར་པ་བབས་པ་ལས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། ཤྭ་འོད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།