
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། 2011ལོ་ནས་བཟུང་ཞིང་འབྲོག་ཁུལ་དུ་ལོ་གཉིས་དང་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་གསུམ་གྱི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དེ་དཀའ་ཚེགས་ཆེ་ཞིང་ཐག་རིང་ལུང་ཁུག་ཁུལ་དུ་གཟིགས་སྐྱོང་བྱེད་པའི་ལམ་སྲོལ་བཙུགས་པས་གྲོང་གསེབ་དང་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་སློབ་གཉེར་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭ་བཅས་དབར་གྱི་སློབ་གསོའི་ཧེ་བག་རིམ་བཞིན་ཆུང་དུ་ཕྱིན་ཡོད། འདི་ནི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་སློབ་གསེང་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡིན་པ།