མི་ཁག་གཅིག་གིས་གྱོན་གོས་སྐམ་འཁྲུད་ཁང་ནས་བླངས་རྗེས་ལམ་སེང་ལུས་ལ་གྱོན་གྱི་ཡོད་པས། དེ་ལྟར་བྱས་ན་བདེ་ཐང་ལ་གནོད་འཚེ་ཕོག་སླ། གྱོན་ཆས་སྐམ་འཁྲུད་དག་ཕྱེར་རྫས་འགྱུར་དག་ཕྱེ་བསྲེས་ཡོད་སྟབས། དེར་དུག་ཤེད་ཆེ་བས་གྱོན་ཆས་སྐམ་འཁྲུད་བརྒྱབ་པ་བསྐམས་རྐྱང་མ་ཆགས་ན་དེས་མིའི་དབང་རྩ་དང་། དབུགས་ལམ། དེ་བཞིན་ཁྲག་འཁོར་རྒྱུག་སོགས་ལ་ཕོག་ཐུག་ངེས་ཅན་ཡོང་གི་ཡོད། སྐམ་འཁྲུད་བརྒྱབ་སྟེ་རླུང་སྐམ་ཡག་པོ་མ་བཏང་བའི་གྱོན་ཆས་ལམ་སེང་གྱོན་པའི་གོམས་གཤིས་དེ་རིགས་ཀྱིས་ཚབས་ཆེ་སར་སྐྲན་ནད་སློང་ཉེན་ཡོད་པས། གྱོན་གོས་སྐམ་འཁྲུད་ཁང་ནས་བླངས་རྗེས་ཉིན་གཉིས་ཙམ་རླུང་སྐམ་བཏང་ནས་རྫས་འགྱུར་གྱི་དག་ཕྱེའི་དྲི་ངད་ཡལ་རྗེས་གཞི་ནས་གྱོན་དགོས།