འབྲས་བརྔོས་ཀྱི་བྲོ་བ་ཞིམ་པོ་ཡོད་པའི་རྐྱེན་གྱིས་ཕྲུ་གུས་ཟས་རིགས་དེ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ད་དུང་ཇ་དང་ཆུར་སྦངས་ནས་བཟའ་ཡི་ཡོད། འོན་ཀྱང་འབྲས་བརྔོས་བཟས་དྲགས་ཚེ་ཕྲུ་གུའི་ལུས་པོར་གནོད་ཀྱི་ཡོད། གང་ལགས་ཤེ་ན། རྔོ་ཆས་ནང་དུ་འབྲས་རྔོ་སྐབས་འཕྲུལ་ཆས་ཀྱི་རྫས་འགྱུར་དངོས་པོ་དང་ཕན་ཚུན་རེག་ནས་འབྲས་བརྔོས་ཀྱི་ཞ་ཉེ་འདུས་ཚད་མཐོ་རུ་འགྲོ་ཡི་ཡོད། གལ་སྲིད་ཕྲུ་གུས་འབྲས་བརྔོས་མང་པོ་བཟས་ན་འཚར་ལོངས་ལ་འགོག་རྐྱེན་བཟོ་སྲིད། དེར་བརྟེན་ཕ་མ་རྣམས་ཀྱིས་ཕྲུ་གུར་འབྲས་བརྔོས་ཉོ་བར་འཛེམ་དགོས།