ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ལེ་ཐ་ནས་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་མར་ཐ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་མར་ཐའི་རྒྱལ་ས་ཝ་ལེ་ཐའི་ཁཱ་ལི་ཏིར་ཐང་ཆེན་དུ་སྐབས་བཅུ་གཅིག་པའི་མར་ཐའི“འཛམ་གླིང་ཐའེ་ཅི་ཉིན་མོའི”བྱེད་སྒོ་སྤེལ་ནས་ཐའེ་ཅི་དྲག་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ངོམས་ཡོད།
མར་ཐའི་ཐའེ་ཅི་རོལ་རྩེད་ཁང་དང་མར་ཐ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཐའེ་ཅིར་དགའ་པོ་བྱེད་མཁན་ཚོས་ཐའེ་ཅི་དྲག་རྩལ་དང་། གྲི་རྩལ། རླུང་གཡབ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ཡོད།