འབྲི་ཏ་ས་འཛིན་ལ་ཡོད་པའི་འཚོ་བཅུད་ཀྱི་གྲུབ་ཆ་དེ་མིའི་ལུས་པོར་འཇུ་བདེ་བ་དང་ག་ཚོད་ཟས་ཀྱང་ཁོག་པ་མི་འཁྱགས་པ་དང་། ཚ་དྲོད་མི་རྒྱས་པས། དེ་ནི་རྒན་དར་གཞོན་གསུམ་ཚང་མར་འཚམ་པའི་བདེ་སྲུང་གི་བཟའ་བཅའ་ཞིག་རེད། འབྲི་ཏ་ས་འཛིན་ལ་ཡོད་པའི་འཚོ་བཅུད་གྲུབ་ཆ་སྙོམས་ཤིང་ཡང་སྒོས་སུ་འཚོ་བཅུད་ག་པའི་འདུས་ཚད་ཤིང་འབྲས་ཤིས་ཀྭ་དང་། རྒྱུན་འབྲུམ། ཀུ་ཤུ་སོགས་ལས་ལྡབ་བཅུས་མང་བ་ཡོད། གཞན་ཡང་འབྲི་ཏ་ས་འཛིན་ལ་ལྕགས་རྒྱུ་དང་། འབྲས་བུའི་མངར་ཁུ། རྒུན་འབྲུམ་མངར་ཆ། ཉིང་མོང་སོན། ཀུ་ཤུའི་སྐྱུར་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་པས་དཔྱིད་དུས་ཐོན་སླ་བའི་གློ་བའི་གཉན་ཚད་དང་། མིད་པ་ན་བ། ཚ་ཐོར་ཐོན་པ་སོགས་ལ་སྨན་བཅོས་ནུས་པ་ཆེན་པོ་ལྡན་ཡོད། ནམ་རྒྱུན་ཟུངས་ཁྲག་ཞན་པའི་མིས་ཀྱང་དཔྱིད་དུས་ཤིང་འབྲས་དེ་གང་མང་ཟ་དགོས།《སྔོ་སྨན་བསྟན་བཅོས》ལས་འབྲི་ཏ་ས་འཛིན་གྱིས་གློ་བར་འཇམ་ཤ་ལེན་པ་དང་། མཚེར་པ་གསོ་བ། ཁྲག་སྐྱེས་པ། རླུང་ཁམས་གསོ་བ་སོགས་ལ་སྨན་ནུས་ཆེན་པོ་ལྡན་ཡོད་པའི་ར་སྤྲོད་བྱས་ཡོད།