ཁྲོམ་རར་བེད་སྤྱོད་བྱེད་བཞིན་པའི་དངུལ་ལོར་སྟེང་འབུ་ཕྲ་སྣ་ཚོགས་དུང་ཕྱུར་2.7ནས་8བར་འགོས་ཡོང་གི་ཡོད་པ་སྟེ། ཆ་སྙོམས་བྱས་ན་འབུ་ཕྲ་ཁྲི་900ཙམ་འགོས་ཡོང་གི་ཡོད། འབུ་ཕྲ་དེ་དག་ལས་ལོང་གའི་དབྱུག་སྲིན་དང་གཟུགས་འགྱུར་དབྱུག་སྲིན་གྱིས་་བརྒྱ་ཆ་87.86དང་བརྒྱ་ཆ་46.5ཟིན་གྱི་ཡོད། འགྲོ་རྒྱུག་ཆེ་བའི་དངུལ་ལོར་ནི་ནད་རིམས་ཀྱི་འབྱུང་ཁུངས་གཙོ་བོའི་གྲས་ཤིག་ཡིན་ཞིང་། དེས་མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་མི་ཡོང་བའི་སྔོན་འགོག་བྱ་ཆེད། རྒྱལ་ཁབ་དངུལ་རྩའི་ལས་ཁུངས་ཀྱིས་དངུལ་ལོར་ལ་དུག་སེལ་དང་འབུ་ཕྲ་གསོད་པ་ཕུད་མི་རྣམས་ཀྱིས་དུས་རྒྱུན་འཚོ་བའི་ནང་དངུལ་ལོར་གྱི་འཕྲོད་བསྟེན་ལ་གཟབ་ནན་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེ། ལྷག་པར་དུ་ཟས་རིགས་བཟོ་མཁན་དང་འཚོང་མཁན་གྱི་ལས་མིས་དངུལ་ལོར་ལ་ལག་པས་བླངས་རྗེས་སྣང་མེད་དུ་ཟས་རིགས་ལ་ཐད་ཀར་རེག་མི་ཉན་པར་ལག་པ་གཙང་མར་བཀྲུས་རྗེས་ཟས་རིགས་ལ་འཇུ་དགོས་དགོས།