གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ནད་པའི་བཟའ་འཐུང་ཐད་ཀྱི་སྨན་བཅོས་བྱ་ཐབས་སྟེ།
❶ཚྭ་ནུས་ཚོད་འཛིན་བྱེད་པའི་འགག་སྒོ་ནན་པོ་བསྲུངས་ནས་ཉིན་རེར་བཟའ་འཐུང་གི་ཚྭའི་ཚད་གཞི་ནད་དེ་ཕོག་མེད་པའི་མི་ཡི་1/4 -1/5 གཡས་གཡོན་དུ་ཚོད་འཛིན་བྱེད་དགོས།
❷ཐན་ཆུའི་རྫས་འགྱུར་འདྲེས་སྦྱོར་དངོས་རྒྱུ་དང་། ཚི་ལུ། སྤྲི་དཀར་སོགས་ཀྱི་བསྡུར་ཚད་དོ་སྙོམས་སུ་གནས་པ་བྱེད་ཆེད་ཚན་རིག་དང་མཐུན་པའི་ངང་བཟའ་འཐུང་སྙོམས་སྒྲིག་ཡོང་བ་བྱེད་དགོས།
❸བཟའ་འཐུང་ཐད་ཞག་ཚི་ཉུང་ཙམ་བྱེད་དགོས་པ་དང་ཚྭ་མང་དྲགས་རྒྱུ་མེད་ལ་མངར་ཆར་འཛེམ་དགོས། སྔོ་ཚལ་དང་ཤིང་འབྲས་མང་ཙམ་བཟས་ནས་ཁྲག་མངར་དམའ་རུ་གཏོང་གང་ཐུབ་བྱེད་པ་དང་། བཙོག་གཅིན་བདེ་བླག་ངང་འབབ་ཐུབ་པའི་འགན་སྲུང་བྱེད་དགོས།
❹ལྟོ་ཐེངས་མང་ཙམ་དང་ཟ་ཚད་ཉུང་ཙམ་བྱེད་དགོས། ཉིན་རེར་ཉུང་མཐར་ཡང་ལྟོ་དུས་གསུམ་ཡན་དང་ཟ་ཐེངས་རེར་ཁེ་100-150ལས་མང་བ་བཟའ་རྒྱུ་མེད། སྤྱིར་བཏང་གི་གནས་ཚུལ་འོག་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་ནད་པའི་ཉིན་རེའི་ལྟོ་དུས་གསུམ་གྱི་ཟས་སྤྱོད་ཚད་གཞི་ནི་ཞོགས་ཟས་སུ་ཉིན་སྤྱིའི་ཟས་ཀྱི་1/5དགོས་པ་དང་། གུང་ཟས་དང་དགོང་ཟས་སོགས་སུ་2/5ཀྱི་བསྡུར་ཚད་བཀོད་སྒྲིག་བྱེད་དགོས། གལ་ཏེ་མཚན་གུང་དུ་ཟས་རིགས་སྤྱོད་དགོས་པའི་དབང་དུ་བཏང་ན་དགོང་ཟས་ནས་འབྲུ་རིགས་ཏོག་ཙམ་ཉུང་འཕྲི་བྱས་ཏེ་མཚན་གུང་དུ་ཟ་དགོས། དེ་འདྲ་བྱས་ན་ལུས་པོར་མཁོ་བའི་འཚོ་བཅུད་ཀྱི་དངོས་རྒྱུ་དོ་སྙོམས་དང་རྒྱགས་ཚད་ཟ་བའི་གོམས་གཤིས་ངན་པ་ཡོ་བསྲང་བྱེད་ཐུབ།