གཟའ་འཁོར་འདིའི་ནང་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དུ་ཆར་པ་འབབ་རྒྱུ་ཡིན་པས་ས་གཤིས་གནོད་འཚེར་དོགས་ཟོན་བྱེད་དགོས་པ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་5ཚེས་1ནས་7ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་དེའི་ཁྲོད་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ། གཙང་པོའི་རྒྱུད་ཀྱི་ཤར་ངོས་དུམ་བུར་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་དང་ཕུར་བུར་ཉིང་ཁྲི་དང་ཆབ་མདོར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབ་ནས་ཆར་པ(གངས)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་པ་སངས་ནས་ཉི་མའི་བར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་དེའི་ཁྲོད་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ། གཙང་པོའི་རྒྱུད་ཀྱི་ཤར་ངོས་དུམ་བུ་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབ་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ། ལྗོངས་ཡོངས་སུ་ནུབ་ཕྱོགས་ནས་ཤར་ཕྱོགས་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་5ཙམ་ཆག་རྒྱུ། གཟའ་འཁོར་འདིའི་དུས་འགོར་བོད་བྱང་ཐང་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བ་རིམ་པ་7ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1. གཟའ་འཁོར་འདིར་ཉིང་ཁྲིའི་ཤར་ལྷོའི་རྒྱུད་དུ་སྔར་བཞིན་ཆར་པ་བབས་ནས་ས་གཤིས་གནོད་འཚེའི་ཉེན་ཁ་ཅུང་ཆེ་བས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་།
2. ཟླ་5པར་རང་ལྗོངས་ཀྱི་ཞིང་ཁུལ་མང་ཆེ་བ་དཔྱིད་འདེབས་མཇུག་འགྲིལ་བའམ་ཡང་ན་ས་ཞིང་འདེབས་པའི་དུས་སུ་སླེབས་པས་ཞིང་ནང་ཆུ་འདྲེན་རྒྱུར་ཤུགས་སྣོན་བརྒྱབ་ནས་ལོ་ཏོག་གི་མྱུ་གུ་འབུད་ཐུབ་པའི་འགན་ལེན་བྱེད་དགོས་པ།