དབུ་ཤོག>གསར་འགྱུར།
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་གཙོ་བོ་སྒྲོག་འགྲེལ་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-30

    མིག་སྔར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ལས་དོན་ལྗོངས་ཡོངས་སུ་ཁྱོན་ཡོངས་ནས་སྤེལ་བ་དང་། ཉིན་ཤས་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཡེ་ཤེས་སྒྲོལ་དཀར་གྱིས་དུད་ཚང་དུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་ཀྱིས་གྲོང་མི་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གཙོ་བོ་དང་དགོངས་དོན་གཙོ་བོ་སྒྲོག་འགྲེལ་བྱས་ཏེ། ཚང་མས“འདུ་ཤེས་བཞི”དེ་བས་བརྟན་པོ་བཙུགས་ནས་བདེ་སྐྱིད་འཚོ་བར་གཅེས་སྤྲས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་རྒྱུའི་ཁྲིད་སྟོན་བྱས་ཤིང་། འདི་ནི་ཡེ་ཤེས་སྒྲོལ་དཀར(གཡོན་གྱི་གཉིས་པ)གྱིས་གྲོང་མིའི་ཁྱིམ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གཙོ་བོར་འགྲེལ་བཤད་རྒྱག་བཞིན་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།