སྣུམ་བཀྲག་གི་ཟས་རིགས་ཡུན་རིང་བཟས་ན་མཆིན་པའི་ནུས་པར་འགོག་རྐྱེན་འཕྲད་ནས་ཕོ་རྒྱུའི་གཉན་ཚད་ཕོག་སླ་པོ་ཡོད། ཟ་ཁང་མང་པོ་ཞིག་གིས་སྣུམ་བཀྲག་རིགས་ཀྱི་བག་ལེབ་སོབ་སོབ་ཡོང་ཆེད་གྲོ་ཞིབ་ནང་ཚད་ངེས་ཅན་གྱི་ད་ཚུར་(白矾)བརྒྱབ་ནས་སྣུམ་ཡང་སྐོར་བསྐྱར་སྐོར་ཚ་པོ་བཟོ་བའི་བརྒྱུད་རིམ་ནང་ད་ཚུར་གྱི་ནང་འདུས་པའི་ཞ་ཉེ་བག་ལེབ་བརྒྱུད་མིའི་ལུས་པོའི་ནང་ཤོར་བས་ལུས་པོར་ཞ་ཉེའི་དུག་ཕོག་པའི་ཉེན་ཁ་ཡོད། གཞན་ཡང་གྲོ་ཞིབ་ནང་དུ་རིགས་སྣ་ཚོགས་ཀྱི་འཚོ་རྒྱུ་ཁ་པ་འདུས་ཡོད་པ་དེ་རྣམས་དྲོད་ཚད་མཐོ་བའི་སྣུམ་ནང་སྲེག་བཀྲག་བྱེད་སྐབས་འཚོ་རྒྱུ་ཁ་པ་གཉིས་པ་དང་འཚོ་བཅུད་PP བརྒྱ་ཆ་50ཙམ་འཕྲོ་བརླག་འགྲོ་བ་དང་འཚོ་རྒྱུ་ཁ་པ་དང་པོ་ཧ་ལམ་རྩ་མེད་བཟོ་ཡི་ཡོད། དེར་བརྟེན་མི་རྣམས་ཀྱིས་སྣུམ་བཀྲག་གི་ཟས་རིགས་འོས་འཚམ་བཟས་ན་ཆོག་ཀྱང་རྟག་ཏུ་སྣུམ་བཀྲག་དང་མེར་སྲེག་བཏང་བའི་ཟས་རིགས་བཟའ་རྒྱུ་མེད། ཟས་རིགས་དེ་དག་ལ་འཚོ་བཅུད་ཀྱི་རིན་ཐང་མི་ལྡན་པའི་ཁར་དུག་ལྡན་དངོས་རྒྱུ་མང་པོ་འདུས་ཡོད་པས་ངེས་པར་དུ་འཛེམ་དགོས།