འདི་ནི་ཟླ་4ཚེས་24ཉིན་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོར་ས་གནས་དེ་གའི་དམངས་ཚོགས་ཀྱིས“དར་གོས་ལམ་བུའི་རྣམ་པ་གསར་པ”ཞེས་པའི་པར་རིས་འགྲེམས་སྟོན་ལ་བལྟ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ས་ར་ཡེ་ཝོ་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཀྲུང་གོའི་མངའ་ཁོངས་ནང་གི་དར་གོས་ལམ་རྒྱུད་ཀྱི་ས་ཁུལ་གྱི“དར་གོས་ལམ་བུའི་རྣམ་པ་གསར་པའི”པར་རིས་འགྲེམས་སྟོན་ཚེས་24ཉིན་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོར་བྱས་པ་རེད།
ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་འདི་ནི་བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་ནས“རྒྱུད་ཅིག་ལམ་གཅིག”གི་གྲོས་འགོ་བརྗོད་དོན་གཙོ་བོར་བྱས་ཏེ་པར་རིས་རྩེ་གྲ་60ལྷག་ཙམ་བདམས་ནས་ཀྲུང་གོའི་མངའ་ཁོངས་ནང་གི་དར་གོས་ལམ་རྒྱུད་ཀྱི་ས་ཁུལ་གྱི་རྣམ་པ་གསར་པ་མངོན་ཡོད། བྷོ་ཧེར་གྱི་ཕྱི་འབྲེལ་པུའུ་ཀྲང་ཚེའར་ན་ཏ་ཁེ་དང་བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་པོའོ་སོགས་སྐུ་མགྲོན་བརྒྱ་ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
ཚེའར་ན་ཏ་ཁེས་ཤིས་ཚིག་བརྗོད་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཡིས་ལམ་རྒྱུད་རྒྱལ་ཁབ་ཀྱི་དམངས་འཚོ་ལེགས་སུ་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་ནས་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ནི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། བྷོ་ཧེར་དམངས་ཚོགས་ཀྱིས་པར་རིས་འགྲེམས་སྟོན་ལ་དོ་ཁུར་ཟབ་མོ་བྱེད་པ་དེ་ཐོག་ནས་བྷོ་ཧེར་གྱི་ལས་རིགས་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ་ཅེས་དེ་ལྟར་བཤད་པ་རེད།
ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ཟླ་4ཚེས་30ཉིན་བར་བྱ་རྒྱུ་རེད།