དབུ་ཤོག>གསར་འགྱུར།
  • བོད་ཀྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-24

    ཟླ་4ཚེས་19དང་20ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་། དེ་བཞིན་འཕྲད་པའི་གནད་དོན་གཙོ་བོ་ཕྱོགས་བསྡོམས་བྱས་པ་དང་། བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་རེད། ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་འཚོགས་པ་དེས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས་ད་ཐེངས་ཀྱི་ཚོགས་འདུ་ནི་བོད་ཀྱི་དོན་དངོས་དང་འཚམ་པ་དང་དུས་བབ་གསར་པའི་འོག་གི་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་རང་བཞིན་དང་གོ་ཆོད་རང་བཞིན་ཆེན་པོ་ལྡན་ཡོད་པས། རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བཤད་པ་རེད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཝང་ཡུན་ཐིང་གིས་ཚོགས་འདུའི་དགོངས་དོན་གཞིར་བཟུང་། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གཞི་རིམ་གཙོ་གནད་དུ་འཛིན་པ་དང་། དུས་སྐབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་འགོ་འཛུགས་སར་བརྩི་བ། མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་པོའི་བྱང་ཚད་དང་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ཏེ། བདེ་ཐང་བོད་ལྗོངས་བསྐྲུན་པའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཤད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཧན་ཏིང་གིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གཙོ་གནད་མངོན་གསལ་དོད་པ་བཅས་ཡོད་ཅིང་། གནད་དོན་གལ་ཆེན་ཐད་ཚད་བརྒལ་ཆེན་པོ་བྱུང་ནས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ཚོགས་འདུའི་དགོངས་དོན་གཞིར་བཟུང་། ང་ཚོས་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ་དང་། གཞུང་བཙུགས་སྨན་ཁང་གི་དོ་དམ་སྒྲིག་སྲོལ་དང་འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འགན་དབང་ཁ་གསལ་བ་དང་། དོ་དམ་ཚན་རིག་དང་མཐུན་པ། བཅོས་སྐྱོང་འཐུས་སྒོ་ཚང་བ། འཁོར་རྒྱུག་ཕན་ནུས་ཆེ་བ། ལྟ་སྐུལ་ནུས་པ་ཐོན་པ་བཅས་ཀྱི་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་བཟོ་དགོས། མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་ཀྱིས་སྨན་བཅོས་ཞབས་ཞུ་དང་སྨན་བཅོས་བརྒྱུད་རིམ་ལེགས་སུ་གཏོང་དགོས། སྨན་ཁང་གི་རིམ་པ་དབྱེ་བ་དང་། ཤེས་ལྡན་པ་གསོ་སྐྱོང་། གཙོ་གནད་རིག་ཚན་འཛུགས་སྐྲུན། གསོ་རིག་ཚན་ཞིབ་སོགས་གཙོ་གནད་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བཤད།

    རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཏུང་ཧྲེང་གིས་ད་ཐེངས་ཀྱི་ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གོང་འོག་ཚང་མས་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐུལ་སློང་བྱས་པ་དང་བདེ་ཐང་བོད་ལྗོངས་བསྐྲུན་པའི་ལམ་བུ་གསར་པ་བཏོད་དེ། བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་ཡོད། ཚོགས་འདུའི་དགོངས་དོན་གཞིར་བཟུང་། ང་ཚོས་ངེས་པར་དུ“ཡོད་པ་བཞི་དང་འགན་འཁྲི་གཉིས”དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་ལྟ་སྐུལ་དོ་དམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་པད་མ་དབྱངས་སྒྲོན་གྱིས་ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཚད་མཐོ་བ་དང་ཁྱོན་ཡོངས་ལ་དམིགས་པ་མ་ཟད་མི་རྣམས་ཀྱི་ངར་ཤུགས་འཕེལ་ནས་ལྕག་སྐུལ་ཐེབས་པ་ཞིག་ཡོད་པས། བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སྟོན་གལ་ཆེན་ཞིག་རེད། ཚོགས་འདུའི་དགོངས་དོན་གཞིར་བཟུང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས“སྨན་བཅོས་གཙོ་བོར་འཛིན་པ”ནས“བདེ་ཐང་གཙོ་བོར་འཛིན་པའི”བར་བསྒྱུར་མགྱོགས་སུ་གཏོང་བ་དང་། “ནད་གཞི་བཅོས་པར”སྣང་ཆེན་བྱེད་པ་ནས“ནད་གཞི་སྔོན་འགོག”ལ་སྣང་ཆེན་བྱ་རྒྱུར་བསྒྱུར་ནས། ཞན་ཆ་གང་མགྱོགས་གསབ་སྟེ་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་དར་རྒྱས་གོང་འཕེལ་ཡོང་བ་དང་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།