དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-09

    ཙུང་ལི་ལི་ཁེ་ཆང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་རྩམ་པ་ནི་བོད་རིགས་མི་དམངས་ཀྱི་ཉིན་རེའི་བཟའ་བཅའ་གཙོ་བོ་ཡིན་པས་དེ་ནི་རྩམ་པ་དང་ཇ་སྲུབས་མ་ལས་སྤགས་གོང་གྲུབ་ཀྱི་ཡོད། ང་ནི་ཨན་ཧུའེ་བ་ཡིན་པས་ཆུང་དུས་ནས་འབྲས་བཙོས་མ་ཆི་སྤག་ཟ་གི་ཡོད་དེ་གཉིས་རྒྱུ་ཆ་གཅིག་པ་མིན་ཀྱང་བཟོ་སྟངས་གཅིག་པ་ཡིན་པས་མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེའང་དེ་དང་འདྲ་བར་གོང་བུ་གཅིག་ཏུ་སྒྲིལ་བ་དང་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་ཀྱི་རེད་ཅེས་གསུངས།

    མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་དར་རྒྱས་གོང་འཕེལ་འགྲོ་བའི་རྨང་གཞི་ཡིན། ཀྲུང་གོ་འདི་ཉིད་སྔ་མོ་ནས་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་56ནི་ཁྱིམ་ཚང་གཅིག་གི་གཅེན་གཅུང་ལྟ་བུ་ཡིན་པས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། ཁྱེད་ཀྱི་ཁྲོད་བདག་ཡོད་པ་དང་བདག་གི་ཁྲོད་ཁྱེད་ཡོད་པ་བྱས་ཏེ་ཕན་ཚུན་ཁ་འབྲལ་མི་རུང་། རྡོག་རྩ་གཅིག་ཏུ་སྒྲིལ་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྒྱབ་ཕྱོགས་ཀྱི་འགན་ལེན་བརྟན་པོ་དང་རྨང་གཞི་བརྟན་པོ་འདིང་ཐུབ། བོད་ནི་བོད་རིགས་གཙོ་བོར་བྱེད་པའི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་དང་མཐའ་མཚམས་ས་ཁུལ་ཞིག་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་རིང་རྒྱ་རིགས་དང་བོད་རིགས་ཀྱིས་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཡང་ཡང་བྱེད་པའི་ཁྲོད་མཉམ་འདྲེས་བྱུང་སྟེ་སྔ་ས་ནས་ཁྱེད་ཀྱི་ཁྲོད་བདག་ཡོད་པ་དང་བདག་གི་ཁྲོད་ཁྱེད་ཡོད་པ་བྱེད་ཐུབ་ཡོད། མཐར་གཏུགས་ནས་བཤད་ན། མི་རིགས་མཐུན་སྒྲིལ་ཡག་པོ་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་སེམས་པ་གཅིག་སྒྲིལ་དང་ཏང་དང་བློ་གཅིག་སེམས་གཅིག་བྱས་ཚེ་འགྲན་སློང་ཇི་འདྲ་ཞིག་ལའང་སྐྲག་མི་དགོས་པར་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

    མི་རིགས་མཐུན་སྒྲིལ་གྱི་འགག་རྩ་ནི་མི་སེམས་གཅིག་སྒྲིལ་ལ་རག་ལུས་ཡོད། བོད་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་པ་དང་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད་པས་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཡིན་པ་མ་ཟད། རང་རྒྱལ་གྱི་རྒྱལ་སྲུང་བདེ་འཇགས་ཀྱི་འཐབ་ཇུས་ཀྱི་གཡུལ་ས་མདུན་མ་ཞིག་ཀྱང་རེད། བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པ་ནི་ལྷོ་ནུབ་མཐའ་མཚམས་ཀྱི་རྒྱལ་སྲུང་མཁར་རྫོང་བརྟན་ཤོས་སྐྲུན་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱལ་སྲུང་བདེ་འཇགས་སྲུང་སྐྱོང་བྱེད་པར་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ཡར་ལངས་བདག་པོར་གྱུར་བ་དང་། ད་ཆ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཁག་གི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། མི་སེར་གྱི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ་བཅས་བྱུང་བ། ད་ཆའི་བོད་དུ་ནམ་མཁའ་དེ་བས་སྔོ་བ་དང་ཆུ་མོ་དེ་བས་དྭངས་བ་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ། མི་རྩ་བར་འཛིན་པའི་འཕེལ་རྒྱས་ཀྱི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་དམངས་ཕན་སྲིད་ཇུས“མཐའ་མའི་འགག་གནད”ཐོག་དོན་འཁྱོལ་བྱས་པས་གཞི་ནས་ད་ཆའི་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མངོན་པ་བཅས་རེད།

    མི་རིགས་མཐུན་སྒྲིལ་བྱེད་པར་སྤགས་གོང་དང་ཚེ་སྤགས་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཚེ་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་པ་སྨྱུག་འཛིན་པར་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།