དབུ་ཤོག>གསར་འགྱུར།
  • ཕྱོགས་མི་ཏང་ཡོན་གྱི“ཁྱིམ་ཚང”ལ་སྔར་བས་དྲོ་སྐྱིད་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-07

    ཀྲུང་གུང་ཁྲེང་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་ཕྱོགས་མི་ཏང་ཡོན་ལྷ་ས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ལིས་ཆོན(གཡས་ཀྱི་དང་པོ)དང་ས་ཚིགས་ཁག་གི་ཏང་ཀྲི་པུའི་ལྟེ་བའི་ཁོངས་མིས་ཕྱོགས་མི་ཏང་ཡོན་ལྷ་ས་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྱོང་དང་འཕེལ་རྒྱས་ལ་ཐབས་འདོན་ཇུས་འགོད་བྱེད་བཞིན་ཡོད་པ།

     ཀྲུང་གུང་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་ཡུལ་ཡིན་པ།

    2015ལོའི་ཟླ་8པར་ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་ཁྲེང་ཏུའུ་གྲོང་ཨུད་རྩ་འཛུགས་པུས་སྤེལ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད། དེ་སྔའི་ཁྲེང་ཏུའུ་གྲོང་ཁྱེར་ཏ་དབྱི་རྫོང་ཕྱོགས་མིའི་ཏང་ཨུད་ཀྱིས་གཞིར་བྱས་ནས་ཏ་དབྱི་དང་། ཁྲུང་ཀྲོའུ། ཆུང་ལའེ་སོགས་རྫོང(གྲོང་ཁྱེར)6གི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མི་ཏང་ཡོན་བོད་ལྗོངས་ཏང་ཨུད་བཙུགས་པ་དང་དེའི་མངའ་འོག་ཏུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་13ཡོད་པ་མ་ཟད། ད་དུང་འབྲེལ་ཡོད་ཕྱོགས་མིའི་སྒྲིག་ཨུད་དང་། བཟོ་ཚོགས། གུང་གཞོན་སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་བཙུགས་ནས་སི་ཁྲོན་གྱི་ཐེམ་ཐོ་ཡིན་པའི་ཕྱོགས་མིའི་ཏང་ཡོན་གྱི་སློབ་གསོ་དང་། ཞབས་ཞུ། དོ་དམ་ལས་དོན་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།