ཉེ་བའི་ལོ་ཤས་རིང་། ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་གིས་ཡུལ་དེའི་ཞིང་པ་ཆེད་ལས་མཉམ་ལས་ཁང་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། “མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་བརྟེན་ནས་ཞིང་དུད་ལ་དྲོད་ཁང་སྒྲིག་བཀོད་བཏོན་པ་དང་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་འདེབས་འཛུགས་ལག་རྩལ་འགན་སྲུང་བྱས་ནས་ཡུལ་དེའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད།
ལན་ཁའོ་རྫོང་ཞའོ་སུང་ཤང་ཏུང་ཀྲའོ་གྲོང་ཚོ་དང་པོར་ཤང་སྲིད་གཞུང་གིས་ཞིང་ལས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས་ཉི་འོད་དྲོད་ཁང་210ལྷག་བསྐྲུན་པར་རྒྱ་ཁྱོན་མུའུ་700ལྷག་ཟིན་པ་དང་། ཀྲོ་མ་ཀྲུ་སོགས་སྔོ་ཚལ་བཏབ་པར་དྲོད་ཁང་རེ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་8ཙམ་རག་གི་ཡོད་ཅིང་། འདི་ནི་ལན་ཁའོ་རྫོང་ཞའོ་སུང་ཤང་ཏུང་ཀྲའོ་གྲོང་ཚོ་དང་པོའི་ཞིང་པ་ཞིག་གིས་ཉི་འོད་དྲོད་ཁང་དུ་ཀྲོ་མ་ཀྲུ་འཐུ་བཞིན་པ།