
ཧོ་པེ་ཞིང་ཆེན་ཀྲང་ཅཱ་ཁོའུ་གྲོང་ཁྱེར་ཤོན་ཧྭ་ཆུས་ནི་རང་རྒྱལ་བྱང་ཕྱོགས་ཀྱི་མ་ན་ཧོ་དམར་སེར་ཐོན་ཁུལ་གཙོ་བོ་རེད་ལ། ཉེ་བའི་ལོ་ཤས་རིང་། “ཧྲང་ཀུའུ་ཀྲན་གོའི་མ་ན་ཧོ་དམར་པོའི”ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཀྱང་། འགོ་ཚུགས་པ་ཅུང་ཕྱི་རྐྱེན་ཡུལ་དེ་གར་ལས་རིགས་འཇོན་ཐང་ཅན་ཅུང་དཀོན་པོ་ཡོད། 2016ལོར་ཆུས་དེས་ཀྲང་ཅཱ་ཁོའུ་བཟོ་རྩལ་མཛེས་རྩལ་སློབ་གྲྭ་དང་པོ་སྟེ་ཤོན་ཧྭ་རིན་ཆེན་རྒྱན་ཆ་བཟོ་རྩལ་མཛེས་རྩལ་སློབ་གླིང་བཙུགས་ནས། མ་ན་ཧོའི་རྒྱན་ཆ་བཟོ་བ་དང་། ལས་སྣོན། གསལ་འབྱེད། ཕྱིར་ཚོང་བཅས་ཀྱི་རིམ་པ་མཐོ་འབྲིང་གི་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། མིག་སྔའི་བར་ཤེས་ལྡན་པ་300གསོ་སྐྱོང་བྱས་པ་དང་། “གྲོང་གསེབ་ཀྱི་བཟོ་བོ”དེ་དག་གིས་མ་ན་ཧོའི་རིག་གནས་ཐོན་ལས་སྟོབས་ཆེར་བཏང་ནས་དཔལ་འབྱོར་ཕྱོགས་སྒྱུར་ལ་གསོན་ཤུགས་གསར་པ་བསྣན་ཡོད་ཅིང་། འདི་ནི་ཤོན་ཧྭ་རིན་ཆེན་རྒྱན་ཆ་བཟོ་རྩལ་མཛེས་རྩལ་སློབ་གླིང་གི་སློབ་མས་ལག་ལེན་སློབ་ཚན་ཉན་པའི་གནས་ཚུལ་ཡིན་པ།