ཚེས་22ཉིན་གྱི་ཕྱི་དྲོ།“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཅིག་སྡུད་བཅར་འདྲི་དང་དངོས་པར་གློག་བརྙན་ཐུང་ངུ་པར་ལེན་བྱེད་པ་དང་2017ལོར་སྨྱན་སྦྱོར་གསར་པ་དཔྱིད་དུས་གཞི་རིམ་དུ་བསྐྱོད་ནས་བཅར་འདྲི་བྱེད་པའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྨྱན་སྦྱོར་གསར་པ་8ལས་གྲུབ་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཚེས་23ཉིན་དངོས་སུ་འགོ་ཚུགས་ནས་ལྷོ་ཁ་དང་ཉིང་ཁྲི་སོགས་ས་གནས་སུ་དུས་ཡུན་ཟླ་ཕྱེད་ཙམ་གྱི་བཅར་འདྲི་གཏིང་ཟབ་བྱ་རྒྱུ་ཡིན་ཞིང་། གསར་འགོད་པ་ཀྲང་ཅིང་ཕན་གྱིས་བོད་ཀྱི་སྨྱན་སྦྱོར་གསར་པའི་ངོས་ནས་ང་ཚོས་ད་ཐེངས་ཀྱི་ཐོབ་དཀའ་བའི་གོ་སྐབས་གང་ལེགས་སྤྱད་དེ་གཞི་རིམ་དུ་བསྐྱོད་ནས་སྨྱན་སྦྱོར་གསར་པའི་ལེགས་ཆ་གང་ལེགས་སྤྱོད་པ་དང་། ཡི་གེ་དང་། པར་རིས། སྒྲ་ལམ་དང་བརྙན་ལམ་སོགས་སྨྱན་སྦྱོར་གསར་པའི་སྐད་བརྡ་བརྒྱུད“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་གཏམ་རྒྱུད་གསར་པ་ཡག་པོ་གླེང་བ་དང་བོད་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཁྲོད“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་པ་བཙལ་ཏེ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
དེ་དང་ཆབས་ཅིག“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་དངོས་པར་གློག་བརྙན་ཐུང་ངུ་པར་ལེན་བྱེད་པའི་བྱེད་སྒོ་གོང་ཚེས་ཉིན་འགོ་ཚུགས་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་དངོས་ཡོད་ནང་དོན་དང་དུས་རབས་ཀྱི་ཁྱད་ཆོས་དྲིལ་བསྒྲགས་དང་དར་སྤེལ་གཏིང་ཟབ་གཏོང་ཆེད། 《བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་2016ལོའི་ལས་ཀའི་གཙོ་གནད》གཞིར་བཟུང་། ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་དངོས་པར་གློག་བརྙན་པར་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དྲ་ཐོག་ཏུ་བརྒྱུད་སྤེལ་བྱ་རྒྱུ“རྒྱུན་སྲོལ་བྱ་སྤྱོད”ཀྱི་བརྗོད་བྱ་གཙོ་བོ་དྲིལ་བསྒྲགས་བྱེད་པ་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་གསར་འགྱུར་དྲ་རྒྱ་དང་སྨྱན་སྦྱོར་གསར་པར“བོད་ཀྱི་རྐང་འཛིན་མི་སྣ——བོད་སྐྱོད་པ་རྒན་གྲས་འཚོལ་བའི་ཆེད་དོན་བཅར་འདྲི”སོགས་ཆེད་དོན་ལེ་ཚན་རབ་དང་རིམ་པ་གཏོད་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་སྟོབས་ཤུགས་ཆེན་པོ་དྲ་ཐོག་ནས་གཅིག་སྡུད་མངོན་པར་བྱ་རྒྱུ་རེད།