དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཁེ་ལས་ཀྱིས་ཕ་ཁི་སི་ཐན་རྒྱལ་ནང་གི་མ་འཇོག་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་རྣམ་གྲངས་སྐྲུན་འགན་འཁུར་རྒྱུའི་གན་རྒྱ་བཞག་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-14

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཀྲུང་གོའི་ཀེ་ཀྲོའུ་ཆུ་རགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས(གཤམ་དུ་ཀེ་ཀྲོའུ་ཆུ་རགས་ཚོགས་པ་ཞེས་བསྡུ་རྒྱུ)ཕ་ཁི་སི་ཐན་ཆུ་གློག་གསར་སྤེལ་ཧྲུའུ་དང་མཉམ་དུ་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོར་ཏ་སུའུ་ཆུ་ཤུགས་གློག་ཁང་གི་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་གྱི་ཚོང་དོན་གན་རྒྱར་མིང་རྟགས་བཀོད་པ་དང་། དེ་ཐོག་ནས་ཕ་ཁི་སི་ཐན་རྒྱལ་ནང་གི་མིག་སྔར་མ་འཇོག་ཆེ་ཤོས་ཡིན་པའི་ཆུ་ཤུགས་གློག་ཁང་ལས་གྲྭའི་རྣམ་གྲངས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བ་མཚོན་གྱི་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏ་སུའུ་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་དེ་ཧིན་རྡུ་གཙང་པོ་རྒྱུག་ཁུལ་གྱི་ཆུ་གློག་སྐས་རིམ་འཆར་འགོད་ཀྱི་རིམ་པ་གཉིས་པའི་ཁོངས་སུ་གཏོགས་པ་དང་གློག་འདོན་འཕྲུལ་འཁོར་སྤྱིའི་ཤོང་ཚད་ཀྲའོ་ཝ་5400ཟིན་པ་དང་། ཆུ་ཤུགས་གློག་ཁང་དེ་བསྐྲུན་རྗེས་ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་120ཙམ་ཟིན་ནས་ཕ་ཁི་སི་ཐན་གྱི་གློག་ཤུགས་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། རྣམ་གྲངས་སྐྲུན་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན། དེ་ཁུལ་དུ་ལས་ཞུགས་ལས་གནས་8000ཙམ་གཏོད་རྒྱུ་དང་དུས་མཚུངས་དེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ་དང་། བཟོ་ལས་དང་། ཞིང་ལས། འབྲོག་ལས། ཡུལ་སྐོར་ལས་རིགས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་དེ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།