དབུ་ཤོག>གསར་འགྱུར།
  • པེར་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་ནང་སན་ཡ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། སན་ཡ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཚེས་9ཉིན་པེར་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་རིང་འོས་སྦྱོར་ཚོགས་འདུ་འཚོགས་ནས་འཇར་མན་གྱི་ལས་རིགས་ཁག་དང་མང་ཚོགས་ལ་ཚ་ཁུལ་མཚོ་འགྲམ་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གནས་མཆོག་གི་ཡིད་དབང་འཕྲོག་ཤུགས་ངོ་སྤྲོད་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཧའེ་ནན་ཞིང་ཆེན་གྱི་ས་ཁོངས་ནང་འཛུལ་བའི་སྒོ་དབྱེའི་སྲིད་ཇུས་ལ་བརྟེན་ནས་མི་གཉིས་དང་དེ་བཞིན་དེ་ཡན་གྱི་འཇར་མན་གྱི་ཡུལ་སྐོར་ཚོགས་པ་ས་གནས་དེ་གར་ཡུལ་སྐོར་དུ་ཡོང་བར་ཐོངས་མཆན་འགོད་མི་དགོས་པ་མ་ཟད། དུས་ཡུན་རིང་ཤོས་ཉིན་21སྡོད་ཆོག་གི་ཡོད། ཡེ་ཁའེ་ཀྲུང་གིས་2016ལོར་སན་ཡ་རུ་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་44.9ཟིན་པའི་ནང་འཇར་མན་གྱི་ཡུལ་སྐོར་བ་མི་ཐེངས་8000ལས་བརྒལ་ཡོད་ཅེས་གསུངས་པ་རེད།

    སྐབས་འདིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་ཐོག་སན་ཡ་འཕེལ་རྒྱས་ཨུ་ལྷན་གྱིས་འགྲེམས་སྟེགས་བཀོད་སྒྲིག་བྱས་ནས་འགྲེམས་ཚོང་བྱས་པ་ཕུད་ད་དུང་ཇའི་སྒྱུ་རྩལ་དང་། ཡིག་གཟུགས། གསེར་ཁབ་སོགས་ཀྲུང་ཧྭའི་རིག་གནས་བྱེད་སྒོའང་བཀོད་སྒྲིག་བྱས་ཡོད།

    པེར་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འདུ་ཚོགས་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་ཅན་གྱི་འགྲེམས་ཚོགས་ཤིག་ཡིན། སྐབས་འདིའི་ཉོ་ཚོང་འདུ་ཚོགས་ཚེས་8ཉིན་འགོ་ཚུགས་པ་དང་ཉིན་5རྒྱུན་མཐུད་རྒྱུ་རེད། གཙོ་གཉེར་ཕྱོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ལས་རིགས་ནང་ཁོངས་ཀྱི་མི་སྣ་ཁྲི་10ལས་བརྒལ་བ་དང་ཡུལ་སྐོར་བ་དཀྱུས་མ་འབོར་ཆེན་གྱི་ཡིད་དབང་འགུག་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།