དབུ་ཤོག>གསར་འགྱུར།
  • པུར་ཀ་རི་ཡར་ཅོག་ལེའི་དུས་ཆེན་འགོ་ཚུགས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སོ་ཧྥེ་ཡ་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་པུར་ཀ་རི་ཡའི་ཅོག་ལེའི་དུས་ཆེན་སྐབས་གསུམ་པ་རྒྱལ་ས་སོ་ཧྥེ་ཡའི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་ཅོག་ལེ་ཐོན་སྐྱེད་བཟོ་གྲྭ་དང་ཚོང་པ་དང་དེ་བཞིན་ནང་འདྲེན་ཚོང་པ་70ལྷག་ཙམ་དུས་ཡུན་ཉིན་གཉིས་ཀྱི་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཅོག་ལེའི་དུས་ཆེན་ཐོག་བཙོངས་པའི་ཅོག་ལེའི་བྱི་རིལ་དང་ཅོག་ལེའི་སྒོ་ངའི་བག་ལེབ་ནས་ཁྲོག་ལེའི་ཨ་རག་དང་། ཀོག་ཧྥེ་དང་ཀོག་ཧྥེའི་འཕྲུལ་ཆས་སྒྲིག་ཆས་སོགས་ཡོད་པས་ཅོག་ལེའི་དུས་ཆེན་དེ་བས་སྣ་མང་ཕུན་སུམ་ཚོགས་པར་གྱུར་ཡོད།

    པུར་ཀ་རི་ཡའི་ཅོག་ལེའི་དུས་ཆེན་དེ་2015ལོར་སྤེལ་འགོ་ཚུགས་པ་དང་ད་བར་ལོ་གསུམ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།