
ཟླ་3ཚེས་9ཉིན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་པའི་སྒང་ཡིན། གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་བསྟུན་ནས་པེ་ཅིང་ཁྲང་ཨན་ཁྲོམ་གཞུང་ཉེ་འགྲམ་གྱི་སྣ་མའི་མེ་ཏོག་རབ་ཏུ་བཞད་ཡོད། སྣ་མའི་མེ་ཏོག་དཀར་པོ་དང་གྱང་ངོས་དམར་པོ་གཅིག་ལ་གཅིག་འགྲན་ལྟར་སྣང་བ་དེ་དགུང་སྔོན་འོག་སྔར་བས་བཀྲག་མདངས་འཚེར་ཞིང་། འདི་ནི་ཧྥུའུ་ཡིའུ་ཁྲོམ་གཞུང་དུ་གནས་པའི་བུ་ཆུང་ཆུང་ཝུའུ་དབྱི་ཆིང་གིས་རྨོ་བོའི་པང་ཁ་ནས་མེ་ཏོག་ལ་ལྟ་བའི་གནས་ཚུལ་ཡིན་པ།