དབུ་ཤོག>གསར་འགྱུར།
  • ཕྱི་འབྲེལ་པུས“ས་ཏེ”ཧན་གོར་འབྱོར་བའི་ཐད་མཇུག་འབྲས་ཚང་མ་ཨ་རི་དང་ཧན་གོས་འཁུར་དགོས་ཞེས་བསྟན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། སྨྱན་སྦྱོར་ཐོག་བཀོད་པའི“ས་ཏེ”ཡི་སྒྲིག་ཆས་ཁག་གཅིག་ཧན་གོར་འབྱོར་ཟིན་པའི་གནས་ཚུལ་ལ་དམིགས་ནས་ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཨ་རི་དང་ཧན་གོས་ཧན་གོར“ས་ཏེ”མ་ལག་བཀོད་སྒྲིག་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་དགོས་ངེས་ཀྱི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་དེ་རང་ཉིད་ཀྱི་བདེ་འཇགས་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་། “ས་ཏེ”མ་ལག་བཀོད་སྒྲིག་བྱས་པའི་མཇུག་འབྲས་ཚང་མ་ཨ་རི་དང་ཧན་གོས་འཁུར་དགོས་ཞེས་གསུངས་པ་རེད།

    ཚེས་7ཉིན་ཧན་གོའི་རྒྱལ་སྲུང་པུའུ་དང་དེ་བཞིན་ཧན་གོར་བཅའ་སྡོད་ཨ་རའི་དམག་དཔུང་གིས“ས་ཏེ”འཕུར་མདའ་འགོག་བྱེད་མ་ལག་གི་སྒྲིག་ཆས་ཁག་གཅིག་ཧན་གོར་འབྱོར་ཟིན་པ་དང་ཕྱོགས་གཉིས་པོས་གང་མགྱོགས་བཀོད་སྒྲིག་བྱ་རྒྱུ་ཡིན་པའི་གཏན་འཁེལ་བྱས་ཡོད། ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་གསར་པར་དོ་སྣང་བྱུང་ལ། “ས་ཏ”ཡི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ཞེས་གསུངས་པ་རེད།

    ཁོང་གིས་ཨ་རི་དང་ཧན་གོས་ཧན་གོ་རུ་བཀོད་སྒྲིག་བྱས་པའི“ས་ཏ”མ་ལག་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་དགོས་ངེས་ཀྱི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་ནས་རང་ཉིད་ཀྱི་བདེ་འཇགས་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། “ས་ཏེ”མ་ལག་བཀོད་སྒྲིག་བྱས་པ་ལས་ཐོན་པའི་མཇུག་འབྲས་ཚང་མ་ཨ་རི་དང་ཧན་གོས་འཁུར་དགོས་ཞེས་ནན་བཤད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་དེ་དང་འབྲེལ་བའི་བཀོད་སྒྲིག་ལས་དོན་སྤེལ་མཚམས་འཇོག་དགོས་པ་དང་ནོར་འཁྲུལ་གྱི་ལམ་བུའི་ཐོག་མུ་མཐུད་མི་སྐྱོད་རྒྱུའི་ལྕག་སྐུལ་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།