དབུ་ཤོག>གསར་འགྱུར།
  • 2017ལོ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་བྱེད་སྒོ་སྤེལ་བར་ཕྱི་རྒྱལ་དུ་ལྟ་ཉན་བྱེད་མཁན་མི་ཐེངས་དུང་ཕྱུར་2.8ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-09

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པར་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར། 2017ལོ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་བྱེད་སྒོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་དང་གྲོང་ཁྱེར་500ལྷག་ཙམ་དུ་ཁག་2000ལྷག་ཙམ་སྤེལ་བར་མཁན་ཕྱི་རྒྱལ་དུ་ལྟ་ཉན་བྱེད་མཁན་མི་ཐེངས་དུང་ཕྱུར་2.8ཟིན་ཡོད། “དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་སྤུས་རྟགས་ཅན་དང་། རང་ཡུལ་ཅན། ཁྲོམ་ར་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་ཤུགས་རྐྱེན་ཕོག་ཤུགས་ཆེན་པོ་ལྡན་པའི་ཀྲུང་གོའི་རིག་གནས་སྤུས་རྟགས་སུ་གྱུར་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”གྱི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱ་ཆེད། ཧྥ་རན་སེས་བརྙན་འཕྲིན་གྱི་དཔྱིད་གསར་མཚན་ཚོགས་ཐོག་མར་གཉེར་བ་དང་། ཨུ་རུ་སུའི་གྲོང་ཁྱེར་ཧྲེང་པི་ཏེ་པའོ་ཡིས་མ་ལིན་སི་ཅི་ཟློས་གར་ཁང་ནང་དཔྱིད་གསར་རོལ་དབྱངས་འདུ་ཚོགས་གཉེར་བས་ལྟད་མོ་བལྟ་བར་ཡོང་མཁན་90%ཟིན་པ། དབྱི་ཐ་ལིའི་རྐང་རྩེད་སྤོ་ལོའི་རོལ་རྩེད་ཁང་དང་མཉམ་ལས་བྱས་ནས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”དེ་དབྱི་ཐ་ལིའི་ཀ་པ་རིམ་པའི་མཉམ་འབྲེལ་འགྲན་ཚོགས་ཐོག་ཞུགས་པ། ཨ་རིས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་བྱེད་སྒོ་མཐོ་སློབ་ནང་སྤེལ་བ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།