དབུ་ཤོག>གསར་འགྱུར།
  • ཀྲུང་གོ་ཀོང་ཧོ་གློག་རྡུལ་མྱུར་གཏོང་འཕྲུལ་ཆས་ཧིན་རྡུ་ཉི་ཞི་ཡའི་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-03-09

    མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་ཀོང་ཧོ་ཉིང་རྡུལ་ལག་རྩལ་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་མངའ་འོག་གི་ཀྲུང་གོ་ཀོང་ཧོ་ཏ་ཧྲེང་མྱུར་གཏོང་འཕྲུལ་ཆས་ལག་རྩལ་ཚད་ཡོད་ཀུང་སི་དང་ཧིན་རྡུ་ཉི་ཞི་ཡའི་PT.ESHཀུང་སིའི་དབར་བཟོ་ལས་ཐད་སྤྱོད་པའི་གློག་རྡུལ་མྱུར་གཏོང་འཕྲུལ་ཆས་དང་Xའཕྲོ་འོད་ཀྱི་འགྱེད་འཕྲོའི་མ་ལག་མཁོ་སྤྲོད་བྱེད་པའི་གན་རྒྱ་ཞིག་བཞག་ཡོད། དེ་ནི་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ནང་དུ་Xའཕྲོ་འོད་ཀྱི་བརྗེ་སྒྱུར་མ་ལག་སྒྲིག་སྦྱོར་བྱས་པའི་བཟོ་ལས་ཐད་སྤྱོད་པའི་གློག་རྡུལ་མྱུར་གཏོང་འཕྲུལ་ཆས་ཀྱི་མ་ལག་ཐོག་མ་དེ་ཡིན་པ་རེད།

    ཀྲུང་གོ་ཀོང་ཧོ་ལག་རྩལ་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཀྲང་ཅན་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་ཁྲོམ་ར་ཕུད། ཀྲུང་གོ་ཀོང་ཧོ་ལག་རྩལ་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིས་ད་དུང་རིམ་རྩིས་བྱས་ན། ཨ་རི་དང་། རྒྱ་གར། ཐེ་ལན། ཧན་གོ ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཏུ་མྱུར་གཏོང་འཕྲུལ་ཆས་18བཙོངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།