དབུ་ཤོག>གསར་འགྱུར།
  • ཅོར་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་སི་རི་ཡའི་སྐྱབས་བཅོལ་བར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-09

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨན་མན་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཅོར་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་ཡི་དོན་གཅོད་ཁྲུའི་མགྲིན་ཚབ་པ་ཧྲ་ཏཱ·མོའོ་ཀེ་ལཱ་པིས་ཚེས་5ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོས་སི་རི་ཡའི་སྐྱབས་བཅོལ་བར་འཇུངས་པ་མེད་པའི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཅོར་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔོན་རིགས་ཀྱིས་ངོ་སྤྲོད་བྱས་དོན། 2016ལོའི་ཟླ་9པར་ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་ལ་ཨ་སྒོར་ཁྲི་200རི་བའི་རོགས་སྐྱོར་མ་དངུལ་མཁོ་འདོན་བྱས་པ་དེ་འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུས་ཅོར་ཏན་དང་ལེ་པ་ནོན་ས་ཁོངས་ཀྱི་སི་རི་ཡའི་སྐྱབས་བཅོལ་བར་བཟའ་བཅའ་དང་འཚོ་བཅུད་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་དེའི་ནང་ནས་ཅོར་ཏན་ལ་མ་དངུལ་སྒོར་ཁྲི་150རག་ཡོད་པ་རེད།

    ཧྲ་ཏཱ་བཤད་དོན། ཅོར་ཏན་ལ་སྤྲད་པའི་ཨ་སྒོར་ཁྲི་150རི་བའི་རོགས་སྐྱོར་མ་དངུལ་ནང་ནས་2017ལོ་ཚུན་དུ་བཀོད་སྒྲིག་ས་ཚིགས་ཁག་ཏུ་འབྱོར་བའི་སི་རི་ཡའི་སྐྱབས་བཅོལ་བ་ཁ་ཤས་ལ“བསུ་མའི་ཟས”མཁོ་འདོན་བྱ་རྒྱུ་ཡིན་པ་དེའི་ནང་ཆུ་དང་། ཕག་ཀྲིན། ཏན་ཞིམ་སོགས་ཚུད་ཡོད་པ་དེ་དག་ད་ཆ་ཟླ་རེར་ཁག་4000སྤྲོད་རྩིས་ཡོད་པ་རེད།

    ཅོར་ཏན་གཞུང་ཕྱོགས་ནས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་བར་ཅོར་ཏན་གྱིས་སི་རི་ཡའི་སྤྱི་དམངས་ཁྲི་130དང་ལེན་བྱས་པའི་ནང་ནས་མི་ཁྲི་60ལྷག་སྐྱབས་བཅོལ་བ་ཡིན་པའི་ཐོ་འགོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།