དབུ་ཤོག>གསར་འགྱུར།
  • དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གིས་ཕེའོ་ཅིན་ཧུའེ་ལ་ལྐོག་ཟ་རུལ་སུངས་དང“རིག་གནས་ལས་རིགས་ཀྱི་མིང་གཞུང་ནག་པོར”ཐེ་ཇུས་བྱས་པ་སོགས་དོགས་གཞི་མང་པོ་ཡོད་པའི་གཏན་འཁེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-09

    ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་3ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཧན་གོའི“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”དོན་རྐྱེན་ལ་བརྟག་དཔྱད་བྱེད་འགན་འཁུར་མཁན་དམིགས་བསལ་ཞིབ་དཔྱོད་ཚོགས་ཆུང་གིས་ཚེས་6ཉིན་ཧྲོའར་དུ་མཐའ་མའི་བརྟག་དཔྱད་བྱས་འབྲས་ཁྱབ་བསྒྲགས་བྱས་ནས་ཙུང་ཐུང་ཕེའོ་ཅིན་ཧུའེ་ལ་མཉམ་དུ་ལྐོག་རྔན་ལེན་པ་དང“རིག་གནས་ལས་རིགས་ཀྱི་མིང་གཞུང་ནག་པོར”ཐེ་ཇུས་བྱེད་པ་སོགས་ཀྱི་དོགས་གཞི་མང་པོ་ཡོད་པའི་གཏན་འཁེལ་བྱས་པ་རེད།

    དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གིས་དེ་ཉིན་ཕྱི་དྲོ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཤོག་ལྷེ་100ལྷག་ཙམ་ཡོད་པའི“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”དོན་རྐྱེན་ལ་བརྟག་དཔྱད་བྱས་འབྲས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་སན་ཤིང་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་གི་བཀོད་ཇུས་འོག་ཚུའེ་ཧྲུན་ཧྲིའི་ནང་མི་དང་འབྱུང་འགྱུར་ནོར་ཚོགས་དང་། Kལུས་རྩལ་ནོར་ཚོགས། ཧན་གོའི་དགུན་དུས་ལུས་རྩལ་ཤེས་ལྡན་མི་སྣའི་ལྟེ་གནས་བཅས་ལ་ཧན་སྒོར་དུང་ཕྱུར་430(མི་དམངས་ཤོག་སྒོར་དུང་ཕྱུར་2.5ཙམ)ལྐོག་རྔན་སྤྲད་ནས་ཙུང་ཐུང་ཕེའོ་ཅིན་ཧུའེ་ཡིས་སན་ཤིང་རྒྱུ་ནོར་དང་བལ་འཐག་ཨང་དང་པོའི་ཀུང་སི་གཉིས་ཟླ་འགྲིལ་གཏོང་རྒྱུར་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་ལི་ཙའེ་རུང་གི་སན་ཤིང་ཚོགས་པའི་རྒྱུན་འཛིན་དབང་ཆ་དང་གཉེར་སྐྱོང་དབང་ཆ་བརྟན་དུ་བཏང་ཡོད་པའི་གཏན་འཁེལ་བྱས་ཡོད་པ་རེད། དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གིས་གནས་ཚུལ་དེའི་ནང་ཕེའོ་ཅིན་ཧུའེ་ལ་མཉམ་དུ་ལྐོག་ཟ་ལྐོག་ལེན་གྱི་དོགས་པ་ཡོད་པའི་ངོས་འཛིན་བྱས་པ་རེད།

    དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གིས་ན་ནིང་ཟླ་12པར་དངོས་སུ་བརྟག་དཔྱད་བྱེད་འགོ་ཚུགས་པ་དང་། བརྟག་དཔྱད་དུས་ཚོད་རིང་ཤོས་ཉིན་70ཟིན་པ་དང་། ཟླ་2ཚེས་28ཉིན་དུས་ཚོད་ཐིམས་ཡོད་པ་རེད། དམིགས་བསལ་ཞིབ་བཤེར་ཚོགས་ཆུང་གི་འགན་ཁུར་བས་བརྟག་དཔྱད་དུས་ཚོད་ལ་ཚོད་འཛིན་ཕོག་པའི་དབང་གིས་ཞིབ་དཔྱོད་ཕྱོགས་ལ“སྤྱན་བསལ་གྱིས་སྲིད་དོན་ལ་ཐེ་ཇུས་བྱེད་པའི”རྗེས་མཐུད་བརྟག་དཔྱད་དཔྱད་གཞིའི་ཡིག་རིགས་རྩིས་སྤྲོད་བྱེད་རྒྱུ་ཡིན། མིག་སྔར་ཧན་གོའི་ཞིབ་དཔྱོད་ཕྱོགས་ཀྱིས་དམིགས་བསལ་མྱུལ་ཞིབ་སྒྲིག་གཞི་བཙུགས་ནས་བརྟག་དཔྱད་རྩིས་ལེན་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།