དབུ་ཤོག>གསར་འགྱུར།
  • ཨོ་སི་ཁྲུ་ལི་ཡའི་ཚན་རིག་མཁས་ཅན་གྱིས་ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་ཚན་རིག་ཡར་རྒྱས་ཐད་མི་རྣམས་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-03-08

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། “མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད”དང་། “མི་རྣམས་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད”“ཡག་པོ་འདུག”སོགས་ནི་ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝེར་ཧྲི་སློབ་ཆེན་འཇིག་རྟེན་འཕུར་སྐྱོད་སློབ་གྲྭའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨན་ཏེ་ལུའུ་·ཏེང་ཕུའུ་སི་ཐེས་ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་ཚན་རིག་ཡར་རྒྱས་བྱུང་བར་གདེང་འཇོག་བྱེད་སྐབས་བསྔགས་བརྗོད་བྱས་པ་ཞིག་རེད།

    “ལོ་བཅུ་ཕྲག་ཕྱིར་བཤོལ་བྱས་རུང་ཀྲུང་གོའི་སློབ་ཆེན་གྱིས་གོ་ལ་ཧྲིལ་པོའི་ཚན་རིག་ཞིབ་འཇུག་ཐད་ཤུགས་རྐྱེན་ཆེན་པོ་དེ་ལྟ་བུ་ཐེབས་སྲིད་པ་མི་རྣམས་ཀྱི་བསམ་པའི་ཡུལ་ལས་འདས་པ་ཞིག་ཡིན་ཡང་ཀྲུང་གོས་ལེགས་སྐྱེས་ཆེན་པོ་ཕུལ་བ་ཉེ་དུས་ང་ཚོས་མཐོང་ཐུབ་པ་བྱུང་ཡོད”ཅེས་ཏེང་ཕུའུ་སི་ཐེས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།

    “ངའི་དམིགས་བསལ་གྱི་ཡོན་ཏན་ནི་སྲུང་སྐར་ཕྱོགས་སྟོན་གྱི་ཁྱབ་ཁོངས་ཡིན། དུས་ཡུན་ཧ་ཅང་རིང་པོ་ཞིག་ནང་ཨ་རིའི་GPSདང་ཨུ་རུ་སུའི་ཀེ་ལུའོ་ན་སི་ནི་གོ་ལ་ཧྲིལ་པོར་གཉིས་ལས་མེད་པའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཡིན་པ་རེད། འོན་ཀྱང་ད་ཆ་ཀྲུང་གོའི་བྱང་སྐར་སྤུན་བདུན་མ་ལག་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། དེ་ཨེ་ཤེ་ཡ་ས་ཁུལ་དུ་དུས་སྐབས་ཤིག་རིང་སྤྱོད་རྒྱུར་བཀོད་སྒྲིག་བྱས་པ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྤྱོད་རྒྱུའི་གྲ་སྒྲིག་ཀྱང་ལེགས་པར་བྱས་ཟིན་ཡོད”

    “2016ལོར་ང་ཚོ་སྤྲོ་བ་སྐྱེ་བ་དང་མིང་དོན་མཚུངས་པའི་འཛམ་གླིང་གི་བྱ་བ་ཨང་དང་པོ་ནི་ཀྲུང་གོའི་ཚད་རྡུལ་འཕྲིན་གཏོང་སྲུང་སྐར་བར་སྣང་དུ་འཕེན་གཏོང་བྱས་པ་དེ་རེད”ཅེས་ཏེང་ཕུའུ་སི་ཐེས་བརྗོད་པ་དང་། ཁོང་གིས“ཀྲུང་གོས་དེའི་ཐད་ཚོད་ལྟ་བྱས་པ་འདིས་ནུབ་ཕྱོགས་ཀྱི་ལྟ་ཞིབ་པ་ཁག་གཅིག་ཧང་སངས་སྲིད། རང་ཉིད་དེར་སྤྲོ་བ་སྐྱེ་བས་མུ་མཐུད་དེའི་ཐད་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    “(ཀྲུང་གོ)སྲིད་གཞུང་གིས་ཚན་རིག་འཕེལ་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དང་ཆབས་ཅིག་སློབ་འབྲིང་དུ་ཚན་རྩལ་དང་ཨང་རྩིས་སློབ་གསོ་གོང་འཕེལ་ཤུགས་ཆེན་བཏང་བ་དེས་ཚན་རིག་ཡར་རྒྱས་ཡོང་བར་སྐུལ་མ་ཐེབས་སྲིད”ཅེས་ཏེང་ཕུའུ་སི་ཐེས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་སྲིད་གཞུང་གིས་ཚན་རིག་འཕེལ་རྒྱས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་མངོན་ཡོད། དེར་བརྟེན་ངས་སྔོན་དཔག་བྱས་ན་ཀྲུང་གོའི་ཚན་རིག་དེ་གོམ་སྟབས་རྗེས་མའི་ལོ་བཅུའི་ནང་ད་དུང་འཕེལ་རྒྱས་ཆེན་པོ་འགྲོ་སྲིད”ཅེས་བརྗོད་པ་རེད།

    ཏེང་ཕུའུ་སི་ཐེས“རང་ཉིད་ཀྲུང་གོར་གཞུང་དོན་སྒྲུབ་པར་ཐེངས་གཉིས་འགྲོ་མྱོང་ཡོད། ཐེངས་དང་པོ་དེ་པེ་ཅིང་མཁའ་སྐྱོད་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་སྲུང་སྐར་འཁོར་སྐར་ཕྱོགས་སྟོན་གྱི་སློབ་ཁྲིད་བྱེད་པར་བསྐྱོད་པ་ཡིན། ང་ནི་སློབ་ཁྲིད་བྱེད་སྐབས་སྤྱི་སྐད་ཤོད་མི་ཤེས་མཁན་གཅིག་པུ་དེ་ཡིན། ལོ་ཁ་ཤས་ཀྱི་རྗེས་སུ་ཀྲུང་གོར་འཚམས་འདྲི་བྱེད་པར་ཐེངས་གཉིས་པ་བསྐྱོད་པ་ཡིན་པས་སྐབས་དེ་དུས་རྒྱལ་སྤྱིའི་ཚན་རིག་མཁས་ཅན་མང་པོ་ཞིག་སླེབས་འདུག རྒྱལ་སྤྱིའི་མཉམ་ལས་བྱས་པ་དེས་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འཛམ་གླིང་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁོང་ཚོའི་ཚན་རིག་ཚོགས་པས་རྒྱལ་སྤྱིའི་ཚད་གཞིར་མིག་ལྟོས་བྱ་རྒྱུར་སྐུལ་མ་ཐེབས་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།