དབུ་ཤོག>གསར་འགྱུར།
  • ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-08

    2016ལོའི་ཟླ་7ཚེས་12ཉིན་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་ཆབ་མདོ་གྲོང་ཁྱེར་དུ་འབྱོར་ནས། དེ་གར་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་དང་འཚོ་བ་སྐྱེལ་འགོ་ཚུགས་པ་རེད།

    དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་བ།

    ལོ་ཕྱེད་ལྷག་ཙམ་རིང་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པས་ལྷག་བསམ་རྣམ་དག་དང་སྙིང་རུས་ཆེན་པོས་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཤར་རྒྱུད་ཀྱི་ས་གཞིའི་ཆེ་མོའི་ཐོག་ཧྥུའུ་ཅན་དང་ཆབ་མདོ་ས་གནས་གཉིས་དབར་སྤེལ་རེས་མཉམ་འདྲེས་ཀྱི་འབྲེལ་ཟམ་ཞིག་བཙུགས་ཡོད།

    ཆབ་མདོ་གྲོང་ཨུད་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྐབས་གཉིས་པའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་2016ལོའི་ཟླ་8ཚེས་19ནས་ཚེས་25ཉིན་བར་གཉེར་བ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྒྱུ་རྩལ་དུས་ཆེན་གྱི་འཁྲབ་སྟོན་ནང་སྦྱོང་དང་། དུས་འགོའི་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་འགན་རང་འགུལ་ངང་ཕྲག་ཏུ་འཁུར་ནས། རིག་གནས་སྒྱུ་རྩལ་དུས་ཆེན་གྲུབ་འབྲས་ཐོན་པའི་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

    སྒྱུ་རྩལ་དུས་ཆེན་འགོ་མ་ཚུགས་གོང་། ཟླ་8ཚེས་6ཉིན་ནས་བཟུང་ཧྥུའུ་ཅན་ཞིང་ཆེན་ཤར་ལྷོའི་སྲུང་སྐར་འཕྲིན་ལམ་ཐོག་ཉིན་ལྟར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དྲིལ་བསྒྲགས་བརྙན་ལམ་ཐེངས་2བསྟན་པ་དང་། ཤར་ལྷོའི་དྲ་རྒྱར་ཟླ་8ཚེས་8ཉིན་ནས་བཟུང་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བརྙན་ལམ་ཐུང་གྲས་བསྟུད་མར་བསྟན་པ་རེད། ཟླ་8ཚེས་12ཉིན་ཧྥུའུ་ཅན་ཞིང་ཆེན་གྱི་རྒྱབ་སྐྱོར་འོག་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་དང་། ཀྲུང་དབྱང་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དང་ཧྥུའུ་ཅན་ཞིང་ཆེན་གྱི་སྨྱན་སྦྱོར་ཚན་པ་40ཙམ་ཐེངས་དེའི་སྒྱུ་རྩལ་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

    ལས་སྟེགས་བཏོད་ནས་ཆབ་མདོའི་ཁྱད་ཆོས་ངོམས་པ།

    2016ལོའི་ཟླ་9ཚེས་8ཉིན་ནས་ཚེས་11ཉིན་བར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་མ་འཇོག་རང་བཞིན་གྱི་འགྲེམས་སྟོན་འདུ་ཚོགས་སྟེ། སྐབས་བཅུ་དགུ་པའི་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མཐུན་སྦྱོར་དང་སྐུལ་འདེད་ཐེངས་མང་བཏང་བ་བརྒྱུད། ཆབ་མདོ་ཐེངས་དེའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ནང་བདེ་བླག་ངང་ཞུགས་ཐུབ་པ་རེད།

    གཞན་ཡང་། སྐབས་དགུ་པའི་མཚོ་འགག་ངོགས་གཉིས་ཀྱི་རིག་གནས་དངོས་མང་སྟོན་ཚོགས་ཐོག་རིག་གནས་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཆབ་མདོ་གྲོང་ཁྱེར་ལ་རིན་མེད་ངང་འགྲེམས་ཁུལ་མཁོ་འདོན་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་རང་ལྗོངས་ཀྱི་ཚབ་བྱས་ནས་ཐེངས་དེའི་རིག་གནས་དངོས་མང་སྟོན་ཚོགས་ནང་ཞུགས་པ་དང་། ཐེངས་འདིའི་རིག་གནས་དངོས་མང་སྟོན་ཚོགས་ནང་ཆབ་མདོ་གྲོང་ཁྱེར་གྱི་འགྲེམས་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་2ཙམ་གྱི་ཡིད་དབང་བཀུག་པ་དང་ས་གནས་ས་ཐོག་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་12ལྷག་ཙམ་ཟིན་ཡོད་པ་རེད།

    གསོ་སྐྱོང་ལ་སྣང་ཆེན་བྱས་ནས་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་བ།

    2016ལོའི་ཟླ་9ཚེས་10ཉིན་ནས་ཟླ་11ཚེས་10ཉིན་བར། དཔལ་འབར་རྫོང་གི་ལས་གནས་ཁག་གི་ཁོའོ་རིམ་པའི་ལས་བྱེད་པ་30ཧྥུའུ་ཅན་ཀྲང་ཀྲོའུ་གྲོང་ཁྱེར་དང་ལུང་ཡན་གྲོང་ཁྱེར་གྱི་ཚན་པ་མི་འདྲ་བ་30རུ་གནས་སྦྱར་སྦྱོང་བརྡར་བྱེད་པར་ཕྱིན་ནས། ས་གནས་དེ་གའི་དོ་དམ་དང་ལས་ཀའི་ཉམས་མྱོང་བཟང་པོ་སློབ་སྦྱོང་བྱས་པ་རེད།

    ཤང་དང་གྲོང་རྡལ་གྱི་ཏང་དོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། ལས་སྒོའི་ཆུ་ཚད། འགན་འཁྲི་སྒྲུབ་ནུས་བཅས་ཆེ་རུ་བཏང་ནས་ཤང་གྲོང་གི་ཏང་འཛུགས་སྐྱོང་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད། 2016ལོའི་ཟླ་12ཚེས་3ཉིན་ཆབ་མདོ་གྲོང་ཁྱེར་གྱི་ཤང(གྲོང་རྡལ)གི་ཏང་ཨུད་ཆེད་བསྐོས་ལས་འགན་འཁུར་མཁན་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་ཨུ་ཡོན་100ལ་ཧྥུའུ་ཅན་ཅིན་ཅང་གྲོང་ཨུད་ཏང་གི་སློབ་གྲྭར་དུས་ཡུན་ཉིན་14ཡི་གསོ་སྦྱོང་བྱས་པ་རེད།

    2016ལོའི་ཟླ་12ཚེས་7ཉིན་ཧྥུའུ་ཅན་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེན་ཝུའེ་རུང་གིས་ནན་ཏན་ངང་སློབ་ཚན་འཁྲིད་བཞིན་ཡོད་པ་དང་། སློབ་མ་32དེ་དག་རྣམ་ཀུན་དང་མི་འདྲ་བར་ཚང་མ་ཆབ་མདོ་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་དོ་དམ་མི་སྣ་ཤ་སྟག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།