མི་མི་ཉུང་བ་ཞིག་གིས་ཞོགས་ཟས་འཚོ་བཅུད་ཆེན་པོ་ཡོང་ཆེད། སྲན་ཁུ་ཚ་པོའི་ནང་སྒོ་ང་རྗེན་པ་བླུགས་ནས་ཟ་གི་ཡོད། དོན་དངོས་ཐོག་དེ་འདྲ་བྱས་ན་ཚན་རིག་དང་མི་མཐུན་པ་ཞིག་རེད། གང་ལགས་ཤེ་ན་སྒོ་ངའི་ནང་གི་ཚི་སྣའི་རང་བཞིན་གྱི་སྤྲི་དཀར་དང་སྲིན་ཁུའི་ནང་གི་གཤེར་མ་ཟུང་འབྲེལ་བྱེད་སླ་བས། མིའི་ལུས་ཕུང་གིས་བསྡུ་ལེན་བྱེད་མི་ཐུབ་པའི་དངོས་པོ་ཞིག་སྐྱེས་ནས། དེས་མིའི་ལུས་པོས་འཚོ་བཅུད་བསྡུ་ལེན་བྱེད་པའི་ནུས་པ་ཞན་དུ་གཏོང་གི་ཡོད། འཚོ་བཅུད་རིག་པའི་ཞིབ་འཇུག་ལས་གསལ་དོན། ཚན་རིག་དང་མཐུན་པའི་ཟ་སྟངས་ནི། ངེས་པར་དུ་སྲན་ཁུའི་ནང་སྒོ་ང་བླུགས་ནས་བཙོས་་རྗེས་གཞི་ནས་བཟའ་དགོས། དེ་འདྲ་བྱས་ན་མིའི་ལུས་པོས་སྲན་ཁུ་དང་སྒོ་ང་གཉིས་ཀའི་འཚོ་བཅུད་བསྡུ་ལེན་བྱེད་ཐུབ།