སྲིང་བལ་དང་སོ་མའི་རིགས་ཀྱི་གྱོན་གོས།
ངེས་པར་དུ་གཙང་མར་བཀྲུས་ནས་ཉི་སྐམ་བཏང་རྗེས་ལྟེབ་བརྩེགས་སྙོམ་པོ་རྒྱག་དགོས་པ་དང་། ཚོས་གཞི་དཀར་པོ་དང་སྣུམ་པོའི་གོས་དང་ལོགས་སུ་འཇོག་དགོས།
དར་གོས་རིགས་ཀྱི་གྱོན་གོས།
ངེས་པར་དུ་སྲིང་རས་ཀྱིས་ཐུམ་སྒྲིལ་ཡག་པོ་རྒྱག་དགོས་པ་དང་། དར་གོས་ཚོས་གཞི་དཀར་པོ་ཡིན་པའི་གྱོན་གོས་ནང་ག་བུར་རིལ་བུ་བླུགས་རྒྱུ་མེད་པ་སྟེ་སེར་པོར་འགྱུར་འགྲོ་གི་ཡོད།
འགོ་སྣམ་རིགས་ཀྱི་གྱོན་གོས།
འགོ་སྣམ་རིགས་ཀྱི་གྱོན་གོས་ཡིན་ཕྱིན་གྱང་ངོས་སུ་དཔྱང་ཁྲུལ་དུ་བཀལ་ནས་ཉར་ཚགས་བྱེད་དགོས་པ་ལས་ལྟེབ་སྙིགས་གཏོང་མི་ཉན།
རྫས་འགྱུར་ཚི་སྣའི་རིགས་ཀྱི་གྱོན་གོས།
མི་བཟོས་ཚི་སྣའི་རིགས་ཀྱི་གྱོན་གོས་ལྟེབ་རྩེགས་སྙོམ་པོ་བརྒྱབ་ནས་འཇོག་དགོས་པ་ལས་བཀལ་ནས་འཇོག་རྒྱུ་མེད། ཚི་སྣ་འདྲེས་པའི་གྱོན་གོས་དེ་རིགས་ནང་ག་བུར་རིལ་བུ་བླུགས་མི་ཉན།