དབུ་ཤོག
  • བྱིས་པ་བཙས་རྗེས་བཀྲ་ཤིས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-26

    བཟའ་ཚོ་རྣམས་ལ་ཐབས་ཤེས་ཟུང་འཇུག་ལས་དབང་གིས་དལ་བརྒྱད་འབྱོར་བཅུ་ཚང་བའི་བྱིས་པ་བཙའ་བ་ནི་ཤིན་ཏུ་ངོ་འཚར་ཆེ་བའི་བརྒྱུད་རིམ་ཞིག་རེད། འཛམ་གླིང་གི་མི་རིགས་མི་འདྲ་བ་སོ་སོར་བྱིས་པ་བཙས་རྗེས་བཀྲ་ཤིས་པའི་ཆོ་ག་ཡང་མི་འདྲ་བ་རེ་ཡོད་པ་ནི་མིའི་རིགས་ཐུན་མོང་ལ་དར་བའི་ཤེས་དཔལ་གྱི་མཚོན་ཚུལ་ཞིག་རེད། བོད་ཀྱི་གསོ་རིག་གཞུང་ལུགས་ནང་དུ་ཕྲུ་གུ་ཐོག་མར་སྐྱེ་སྐབས་འདོན་པའི་སྨོན་ལམ་ནི། བདག་གི་བུ་ཁྱོད་སྙིང་ནས་སྐྱེས་པ་ཡིན།། ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག།། ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་།། མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག་ཅེས་འདོན་དགོས་པ་ཡིན་ནོ།།

    དེ་ནས་བྱིས་པ་བཙས་མ་ཐག་བྱིས་པའི་ལྟེ་བ་བཅད་རྗེས་མདོག་གསལ་བ་དང་རིག་པ་འཕེལ་ཆེད། སྤོས་ཆུ་དྲོད་འཇམ་གྱིས་ལུས་བཀྲུ་བ་དང་། ལྕེ་ཡི་ཐོག་ཏུ་གུར་ཀུམ་གྱི་ཆུས་ཧྲཱི་ཡིག་བྲི་བའམ་པར་འདེབས་པར་བྱ་དགོས་ཞེས་གསུངས། དེ་བཞིན་བྱིས་པ་བཙས་རྗེས་གླ་རྩི་ཅུང་ཟད་བཏབ་པའི་ཆུ་བླུད་པ་དང་། སྦྲང་རྩི་དང་མར་སྦྱར་བ་བྱིན་ཅིང་དེ་ནས་ཨ་མའི་ནུ་མ་བསྣུན་དགོས་ཞེས་སོ།།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།