གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་གངས་འབབ་རྒྱུ་དང་དྲོད་ཚད་འཕར་ཆག་ཆེ་བ།
གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2017ལོའི་ཟླ་1ཚེས་23ཉིན་ནས་ཟླ་1ཚེས་29ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་མངའ་རིས་དང་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་མངའ་རིས་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་དུ་འགྲོ་རྒྱུ། གཟའ་མཇུག་ཏུ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ(ཆར་པ)འབབ་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་གི་དབུས་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། གངས་བབས་རྗེས་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་ལྷགས་པ་ཆེ་བ་རིམ་པ་7རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་ས་ཁུལ་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་གངས་འབབ་རྒྱུ་ཡིན་པ་དང་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱག་པ་ཐེབས་སླ་བས་འབྲེལ་ཡོད་སྡེ་ཚན་གྱིས་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གངས་བབས་རྗེས་དྲོད་ཚད་དམའ་རུ་འགྲོ་རྒྱུ་ཡིན་པས་མི་ཕྱུགས་ཀྱི་དྲོད་སྲུང་དང་གྲོང་ཁྱེར་གྱི་མདོང་ལམ་ལ་འཁྱག་པ་ཐེབས་རྒྱུ་སྔོན་འགོག་བྱེད་པའི་བྱ་ཐབས་ཡག་པོ་སྤྱོད་དགོས་པ་དང་།
2. བོད་བྱང་ཐང་དང་གཞིས་རྩེའི་ལྷོ་རྒྱུད་སོགས་སུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པས་འགྲིམ་འགྲུལ་དང་ཁང་ཕྱིའི་སྒྲིག་བཀོད་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པ།