དབུ་ཤོག
  • རླུང་ནད་ལ་ཕན་པའི་ཟས་སྐོམ་སྤྱོད་སྟངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-24

    མི་ལུས་ལ་ཕོག་པའི་ནད་གཞིར་སྤྱིར་ན་ལེགས་ཉེས་ཀྱི་ཁྱད་པར་མེད་པར་དེ་ནི་སེམས་ལ་སྡུག་བསྔལ་དང་ལུས་ལ་མི་བདེ་བའི་རྒྱུ་ཞིག་ལས་མ་འདས། འོན་ཏེ་བོད་ལུགས་གསོ་རིག་ནང་དུ་ངོས་འཛིན་བྱེད་པའི་རླུང་ནད་དེ་ནི་སྣ་འདྲེན་མཇུག་བསྡུས་བྱེད་པ་དེ་རླུང་ཡིན་ཅེས་རླུང་ནད་དང་སྡེབ་ནས་ནད་གཞི་འདྲ་མིན་ཕོག་སྲིད་པའི་ངོས་འཛིན་ཙམ་མ་ཟད། དེ་བས་ནད་ཐོག་ལག་ལེན་ནང་དུ་ར་སྤྲོད་བྱས་ཡོད། སྤྱིར་ལོ་ན་བགྲེས་པའི་རྒན་རྒོན་རྣམས་ནི་རླུང་ནད་ཕོག་མཁན་གཙོ་བོ་ཡིན་མོད། དེང་དུས་སུ་དར་མའམ་ན་གཞོན་གྱི་ཁྲོད་དུ་སྲོག་རླུང་ཡི་མུག་གི་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས། རླུང་གི་ནད་གཞིས་ལས་དོན་དང་འཚོ་བའི་ཁྲོད་དུ་མི་མང་པོར་རྙོག་དྲ་བཟོ་གི་ཡོད། དེས་ན་བོད་ལུགས་གསོ་རིག་ནང་དུ་འཁོད་པའི་རླུང་ནད་ཅན་གྱིས་བསྟེན་དགོས་པའི་ཟས་སྐོམ་སྤྱོད་སྟངས་ནི།

    1. རླུང་ནད་ཅན་ལ་ཕན་པའི་ཟས་ནི། ལོ་ལོན་པའི་ཤ་རྙིང་པ་དང་། ཏིལ་སོགས་ཀྱི་འབྲུ་སྣུམ། ལོ་ལོན་པའི་མར་རྙིང་། བུ་རམ། སྒོག་ཙོང་སོགས་ཡིན་ཞེས་འཁོད།

    2. རླུང་ནད་ཅན་ལ་ཕན་པའི་སྐོམ་ནི། འོ་མ་དང་། ལྕ་བ་ར་མཉེ་བཏབ་པའི་ཟན་ཆང་། བུར་ཆང་། རུང་ཆང་སོགས་སྣུམ་བཅུད་དང་ལྡན་པའི་རིགས་སོ།

    3. རླུང་ནད་ཅན་ལ་ཕན་པའི་སྤྱོད་ལམ་ནི། དྲོ་ཞིང་མཁའ་རླུང་གཙང་མའི་ཁྲོད་དུ་རང་རང་གི་ཡིད་དང་མཐུན་པའི་གྲོགས་དང་ལྷན་ཅིག་ཏུ་སྐྱིད་སར་གནས་པར་བྱའོ་ཞེས་གསུངས།

    4. དེ་མིན་ལུས་ཉམས་སྟོབས་རྒྱས་པར་བྱེད་པའི་ཁ་ཟས་ལུག་ཤ་དང་། བུ་རམ། ཀ་ར། མར། འོ་མ། ཞོ། ཆང་ལ་སོགས་པའི་བཅུད་ཆེན་པོ་རྣམས་བསྟེན། འབའ་སམ་སྨན་མར་སོགས་གང་འཕྲོད་པའི་སྨན་མར་བསྟེན། ཁྲུས་དང་བསྐུ་མཉེ་སོགས་བྱ། བདེ་བར་གཉིད་ལོག་ཅིང་། དལ་བ་དང་གཙོ་བོར་སེམས་དགའ་བར་བྱེད་པའོ། ཆོ་ག་དེ་ཚོ་འོས་འཚམ་བསྟེན་ན་ལུས་ཀྱི་སྟོབས་འཕེལ་ཞིང་། རླུང་ལ་སོགས་པའི་ནད་ཀུན་ཀྱང་ཟིལ་གྱིས་གནོན་པར་བྱེད་དོ།

    5. རླུང་ནད་མི་འབྱུང་བའི་ཆེད་དུ། ཁ་ཟས་རོ་ཁ་བ་དང་ནུས་པ་ཡང་རྩུབ་ཅན་ནམ་བཅུད་མེད་ཁ་ཟས་གཅིག་ཁོ་ནར་ཡུན་དུ་བསྟེན་དྲགས་པ། ལྟོ་དང་གཉིད་ཆག་པ། ལྟོ་སྟོང་དུ་ལུས་ངག་གི་བྱ་བ་དྲག་ཤུལ་སོགས་སྤངས་དགོས།

    6. རླུང་ནད་མི་འབྱུང་བའི་ཆེད་དུ། མྱ་ངན་དང་སེམས་ལས་ཆེ་དྲགས་པ། བཤང་གཅི་སོགས་བཀག་དྲགས་པ་དང་བཙིར་དྲགས་པ་སྤངས་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།