ཚེས་12ཉིན། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས་བོད་ལྗོངས་ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེས་རྣམ་གྲངས་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ནང་སྒྲིག་འགལ་ངང“ཞིབ་བཤེར་རྩིས་ལེན་རྔན་པ”བླངས་པར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་ཡོད་ཅེས་འཁོད་ཡོད་པ་རེད།
བརྡ་ཁྱབ་ནང་མངོན་པར་གཞིགས་ན། བོད་ལྗོངས་ལྷོ་ཁ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་བསོད་ནམས་རྡོ་རྗེས་རྫོང་12སུ“2013ལོའི་ལོ་འཁོར་གྱི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས”ལ་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ནང་སྒྲིག་འགལ་ངང“ཞིབ་བཤེར་རྩིས་ལེན་རྔན་པ”སྒོར་ཁྲི་2.4བླངས་ཡོད་པ་རེད། དེ་དང་ཆབས་ཅིག་ད་དུང་བསོད་ནམས་རྡོ་རྗེར་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་གནད་དོན་ཡོད་པ་རེད། དེར་བརྟེན་བསོད་ནམས་རྡོ་རྗེར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་ངང་ཐོབ་པའི་དངུལ་ཚང་མ་གཞུང་བཞེས་བཏང་ཡོད་པ་རེད།
2016ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལྷོ་ཁ་ས་ཁུལ་དེ་ས་ཁུལ་རིམ་པའི་ལྷོ་ཁ་གྲོང་ཁྱེར་ལ་བསྒྱུར་བ་རེད།